རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིན་ནས་ཚོགས་མགོ་བརྩམས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-12-21

རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིན་ནས་ཚོགས་མགོ་བརྩམས་པ།
 ཟླ12པའི་ཚེས17ཉིན། རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡོས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གནང་།

རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིན་ནས་ཚོགས་མགོ་བརྩམས་པ།

  ཟླ12པའི་ཚེས17ཉིན། རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་དགུ་བ་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡོས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་འཐུས་མིའི་གྲོས་ཚོགས་ཐེངས་དགུ་བ་ཚེས17ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡོས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གནང་།

  ཚོགས་ཐོག་ནས་ཡོས་ཀྲིན་ཧྲིན་གྱིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་གྲོས་ཚོགས་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་ཐེ་ཝན་སྤུན་ཟླ་རྣམས་ལ་འཚམས་འདྲི་མཛད་པར་མ་ཟད། རིམ་པ་སོ་སོའི་ཐེ་ཝན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་སྒྲུབ་མཁན་རྣམས་ལ་བླ་མེད་གུས་འདུད་ཞུས། ཁོང་གིས་གསུངས་རྒྱུར། སྐམ་ས་ཆེན་པོ་རུ་གཏན་སྡོད་བྱས་པའི་རྒྱ་ཆེའི་ཐེ་ཝན་སྤུན་ཟླ་ནི་མེས་རྒྱལ་གྱི་སྐམ་ས་ཆེན་པོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་ལ། ཐེ་ཝན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་ནི་ང་ཚོ་ཏང་གི་མང་ཚོགས་བྱ་བ་དང་ཐེ་ཝན་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཐེ་ཝན་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ནི་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་ཐེ་ཝན་སྤུན་ཟླར་འབྲེལ་འདྲིས་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན་པར་མ་ཟད་རྒྱ་ཆེའི་ཐེ་ཝན་སྤུན་ཟླས་ཡིད་ཆེས་བྱེད་པའི་རྩ་འཛུགས་ཤིག་ཡིན་ཟེར།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་འབད་བརྩོན་བྱས་འོག མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་བ་བྱུང་བ་དང་བརྒལ་གཏོར་རང་བཞིན་གྱི་འཕེལ་རིམ་དང་གྲུབ་འབྲས་ཆེན་པོ་ཐོབ་པར་མ་ཟད། སྔར་མེད་ཀྱི་ཞི་བདེ་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱས། ཉེ་ལམ་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ལོ་ལྔའི་རིང་ལ་ཐེ་ཝན་བྱ་བའི་ཐད་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཕྱིན་ཆད་ཀྱི་ཐེ་ཝན་བྱ་བའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རེ་བ་གསལ་བོར་བསྟན་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་དང་འབད་འཐབ་དམིགས་འབེན་ཕྱོགས་ཡོངས་ནས་རྒྱས་བཤད་མཛད། དེ་ལས་ང་ཚོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་གཏོང་བ་དང་མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་མངོན་འགྱུར་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་འགྱུར་མེད་བློ་སྤོབས་མཚོན་པར་བྱས་པར་མ་ཟད། ཐེ་ཝན་དང་མཚོ་འགག་འགྲམ་གཉིས་ཞི་བདེ་ཡོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་སྤུས་ཟླ་བདེ་སྐྱིད་ལྡན་པ། ཀྲུང་ཧྭ་མི་རིགས་དར་རྒྱས་ཡོང་བའི་རེ་འདུན་ཆེན་པོ་མཚོན་ཡོད་ཟེར།  །

  • ལེ་ཚན་སྔོན་མ།:ལུའོ་པུའུ་མཚེའུ་རུ་བགྲོད་པའི་ཐོག་མའི་ལྕགས་ལམ་དུ་འཁོར་ལོ་ཤར་གཏོང་ཐུབ་པ་བྱུང་།
  • ལེ་ཚན་རྗེས་མ།:《གེ་སར》ལོ་རྒྱུས་སྙན་རྩོམ་སྒྱུ་རྩལ་འགྲེམ་སྟོན་པེ་ཅིང་དུ་སྤེལ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།