ལུའོ་པུའུ་མཚེའུ་རུ་བགྲོད་པའི་ཐོག་མའི་ལྕགས་ལམ་དུ་འཁོར་ལོ་ཤར་གཏོང་ཐུབ་པ་བྱུང་།
(མིག་དམར་གྱིས་བསྒྱུར།) 2012-12-20
ཟླ་བ11པའི་ཚེས29ཉིན། ཧ་སྨི་ནས་ལུའོ་པུའུ་མཚེའུ་རུ་བགྲོད་པའི་ཟོག་འདྲེན་མེ་འཁོར་ཨང57001པ་འབབ་ཚུགས་སྟེགས་བུ་དང་དལ་མོས་བྲལ་ཏེ་ལུའོ་པུའུ་མཚེའུའི་ཕྱོགས་སུ་བཏང་། དེ་ནས་བཟུང་འཁྱིལ་མཚོ་ལུའོ་པུའུ་མཚེའུ་དེ་མེ་འཁོར་བགྲོད་མི་ཐུབ་པའི་ལོ་རྒྱུས་དང་ཁ་བྲལ་བ། ལུའོ་པུའུ་མཚེའུ་རུ་བགྲོད་པའི་ཞིན་ཅང་ཧ་སྨི་ནས་ལུའོ་པུའུ་མཚེའུ་བར་གྱི་ལྕགས་ལམ་དེ་བྱང་ནས་འགོ་བཙུགས་ཏེ་ལན་ཀྲུའུ་ནས་ཞིན་ཅང་བར་གྱི་ལྕགས་ལམ་གྱི་ལམ་བུ་གཉིས་པའི་ཧ་སྨིའི་ལྷོ་རྒྱུད་མེ་འཁོར་ས་ཚུགས་ནས་གཏོང་འགོ་བཙུགས་ཏེ་མེ་ཏོག་གླིང་ཤང་དང་ནན་ཧུའུ། ཧྲ་ཧ། པ་ཐེ། ལེན་ཡུས་རི་བོ། ཧེ་ལུང་ཧྥུང་། ཏུའོ་ཐོའུ་རི་བོ། ཏུང་ཐའེ་ཏི། ལུའོ་ཀྲུང་བཅས་རླངས་འཁོར་འབབ་ཚུགས9ལ་བརྒྱུད་དེ་ལུའོ་པུའུ་མཚེའུའི་ལྟེ་བར་གཏོང་ཐུབ་པ་རེད། ཧ་སྨི་ནས་ལུའོ་པུའུ་བར་གྱི་ལྕགས་ལམ་བསྐྲུན་པ་དེ་ལམ་རྒྱུད་ཀྱི་གཏེར་རྫས་ཐོན་ཁུངས་གསར་སྦོལ་དང་ཁྱད་པར་དུ་ཅ་ལུད་ཐོན་ཁུངས་གསར་སྦོལ། རང་རྒྱལ་ལ་ཅ་ལུད་ཐོན་ཁུངས་མི་འདང་བ་ཐག་གཅོད་བྱེད་པ་དང་ཞིན་ཅང་གི་དཔལ་འབྱོར་མགྱོ གས་མྱུར་དུ་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།