དམག་དོན་གསོ་རིག་ཚན་རིག་ཁང་གི་ཆེད་མཁས་པའི་ཚོགས་ཆུང་གཡག་རྔའི་ལུའུ་ཧྲན་ས་ཡོམ་ཁུལ་དུ་བསྐྱོད་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-04-24

དམག་དོན་གསོ་རིག་ཚན་རིག་ཁང་དང་བཅིངས་འགྲོལ་དམག་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤྱི་ཟླ4བའི་ཚེས21ཉིན་གྱི་སྔ་དྲོའི་ཆུ་ཚོད8པའི་སྐབས་འཐུང་ཆུ་དང་ཟས་རིགས་བརྟག་དཔྱད་དང་། ནད་དུག མྱུར་སྐྱོབ་གསོ་རིགས་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ10ལས་གྲུབ་པའི་གསོ་རིག་རོགས་སྐྱོར་རིགས་གཅིག་མཁས་པའི་ཚོགས་ཆུང་ཞིག་མངགས་གཏོང་བྱས་ནས། གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཛ་དྲག་ངང་བསྐྱོད་ཡོད་པ་རེད།

ཆེད་མཁས་པའི་ཚོགས་ཆུང་དེའི་ལས་འགན་ནི་ས་ཡོམ་རྒྱག་ཁུལ་དུ་འཕྲོད་བསྟེན་ནད་ཡམས་སྔོན་འགོག་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་འགན་ལེན་བྱ་རྒྱུ་དེ་ཡིན་པ་རེད། གནོད་འཚེ་ཕོག་ཁུལ་གྱི་དོན་དངོས་གནས་ཚུལ་ལ་དམིགས་ནས། རིགས་གཅིག་མཁས་པའི་ཚོགས་ཆུང་གིས་མི་ཁྲི4ལ་འདང་བའི་འཐུང་ཆུའི་དུག་སེལ་རིལ་བུ་དང་། མི500ལ་འདང་བའི་རྨ་ཁ་འཁྲུ་བྱེད་ཀྱི་ཁུག་མ། ཟས་རིགས་བདེ་འཇགས་མགྱོགས་མྱུར་ཞིབ་བཤེར་སྒམ། ཆུ་དང་དུག་གི་བརྟག་དཔྱད་སྒམ། ནད་དུག་འགོག་སྲུང་གྱོན་ཆས་སོགས་སྒྲིག་ཆས་འཁྱེར་ཡོད་པ་དང་། གནོད་འཚེ་ཕོག་ཁུལ་དུ་དུས་ཐོག་ངང་ནད་དུག་མ་དཔེ་ལེན་པ་དང་། ཆུའི་སྤུས་ཚད་བརྟག་དཔྱད་བྱེད་པ། གསོ་རིག་སྐྱོབ་བཅོས་སོགས་རོགས་སྐྱོར་ལས་དོན་སྤེལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།  །

  • ལེ་ཚན་སྔོན་མ།:སི་ཁྲོན་གཡག་རྔའི་ལུའུ་ཧྲན་དང་ཐན་ཆོན་རྫོང་གྲོང་གི་གློག་མཁོ་འདོན་གཞི་རྩའི་ཆ་ནས་སླར་གསོ་བྱས་པ།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས་སྔར་ལྷག་གིས་ཁྱོན་ཡོངས་ནས་
  • དོ་སྣང་ཆེ་བའི་རྩོམ།