སི་ཁྲོན་གཡག་རྔའི་ལུའུ་ཧྲན་དང་ཐན་ཆོན་རྫོང་གྲོང་གི་གློག་མཁོ་འདོན་གཞི་རྩའི་ཆ་ནས་སླར་གསོ་བྱས་པ།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-04-24
རྒྱལ་ཁབ་ནུས་པའི་འབྱུང་ཁུངས་ཅུས་ཀྱིས་སྤྱི་ཟླ4བའི་ཚེས21ཉིན་ཆ་འཕྲིན་སྤེལ་ནས། ཉིན་དེ་གའི་ཆུ་ཚོད8པའི་ཐོག སི་ཁྲོན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་རྫོང་གྲོང་གི་གཙོ་གནད་ས་ཁུལ་དང་གློག་བེད་སྤྱོད་བྱེད་མཁན་ཡུལ་མིར་གློག་མཁོ་འདོན་བྱ་རྒྱུ་སླར་གསོ་ཐུབ་ཡོད་པ་དང་། ཐན་ཆོན་རྫོང་གི་རྫོང་གྲོང་ལ་གློག་མཁོ་འདོན་བྱ་རྒྱུ་གཞི་རྩའི་ཆ་ནས་སླར་གསོ་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།