མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-24
གླེང་སྟེགས་སྟེང་ལིག་ཡོན་ཧྲན་གྱིས་གསུངས་བཤད་གནང་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་པ་དང་། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཀྲུང་གོའི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཀྱི་དམིགས་འབེན་དང་བསམ་ཕྱོགས། བྱ་བའི་གནད་ཆེ་ས་བཅས་རྒྱས་བཤད་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོ་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཕུགས་འདུན་དེ་འཛམ་གླིང་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་པ་དང་། ཡུན་རིང་བརྟན་འཇགས་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་འཛམ་གླིང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར།
ཡོ་རོབ་གླིང་ཕྱོགས་ཀྱི་འཐུས་མིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འཚོ་བ་སྐྱིད་པའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་བཞིན་ཡོད་པ་དང་། དེ་ནི་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་ཏང་གི་དམིགས་འབེན་དང་འགན་འཁྲི་ཡང་ཡིན། ཡོ་རོབ་གླིང་དང་ཀྲུང་གོའི་སྲིད་ཏང་གིས་དེ་སྒུལ་ཤུགས་སུ་སྒྱུར་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10