བོད་ཀྱི་ཟློས་གར༼འགྲོ་བ་བཟང་མོ༽ལ་ཀྲུང་གོའི་སློབ་རའི་ཟློས་གར་དུས་ཆེན་གྱི་ཆེས་མཐོའི་བྱ་དགའ་ཐོབ་པ།
མཚོ་སྔོན་པོ་དྲ་བ། 2014-11-21
ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་དབྱི་ཧྥུའུ་མི་རིགས་སློབ་འབྲིང་གི་སློབ་མས་འཁྲབ་སྟོན་བྱས་པའི《འགྲོ་བ་བཟང་མོ》ཞེས་པ་དེ་ཧྲང་ཧའེ་རུ་སྐབས་བཞི་བའི་ཀྲུང་གོའི་སློབ་རའི་ཟློས་གར་དུས་ཆེན་ལ་ཞུགས་ནས། ཟློས་གར་ཆུང་ཤས་རིགས་ཀྱི་ཆེས་མཐོའི་བྱ་དགའ་སྟེ་ཕུལ་བྱུང་འཁྲབ་ཚན་གྱི་བྱ་དགའ་ཐོབ་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན་སྐབས་འདིའི་སློབ་རའི་ཟློས་གར་དུས་ཆེན་སྟེང་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་ནས་བསྐུར་བའི་འཁྲབ་ཚན123འབྱོར་བ་དང་། འདེམ་སྒྲུག་བྱས་པར་བརྒྱུད་ནས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས22ནས་ཡོང་བའི་སློབ་གྲྭ33གྱི་ཟློས་གར་ཆེ་ཤས23དང་ཟློས་གར་ཆུང་ཤས10བདམས་པ་རེད། དེའི་ཁྲོད་རེབ་གོང་རྫོང་དབྱི་ཧྥུའུ་མི་རིགས་སློབ་འབྲིང་ནི་སློབ་འབྲིང་དཀྱུས་མའི་འཁྲབ་ཞུགས་ལས་ཁུངས་ཁོ་ན་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་ཐེངས་དང་པོར་ཀྲུང་གོའི་སློབ་རའི་ཟློས་གར་དུས་ཆེན་ལ་ཞུགས་པ་རེད།