རྒྱལ་ཡོངས་ཀྱི་ནགས་ལས་སྤྱིལ་ཁྱིམ་སྡེ་ཁུལ་ལེགས་བཅོས་བྱས་ཏེ་ཡུལ་མི་དུད་ཚང་ཁྲི100ལྷག་སྤོས་ཡོད།
གངས་སྐྱིད་ཀྱིས་བསྒྱུར། 2014-11-20
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ11པའི་ཚེས13ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་དོན། རྒྱལ་ཡོངས་ནགས་ལས་སྤྱིལ་ཁྱིམ་སྡེ་ཁུལ(ཉེན་ཁང་དང་ཁང་པ་རྙིང་པ)ལེགས་བཅོས་བྱེད་པའི་ཨར་ལས2008ལོ་ནས་ལག་ལེན་བསྟར་འགོ་ཚུགས་པ་ནས་བཟུང་།ད་ལྟའི་བར་ལེགས་བཅོས་བྱས་ཟིན་ནས་ཡུལ་མི་དུད་ཚང100ལྷག་དེའི་ནང་སྤོས་ཡོད་པ་རེད།།
ངོ་སྤྲོད་བྱས་པར་གཞིགས་ན། ནགས་ལས་སྤྱིལ་ཁྱིམ་སྡེ་ཁུལ(ཁང་ཧྲུལ་དང་ཁང་པ་རྙིང་པ)ལེགས་བཅོས་བྱེད་པའི་ཨར་ལས་སྤེལ་འགོ་ཚུགས་པ་ནས་བཟུང་།ཀྲུང་དབྱང་གིས་བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར228.4བཀོད་སྒྲིག་བྱས་ཏེ་དུད་ཚང་ཁྲི158.9ཡི་སྤྱིལ་ཁང་ལེགས་བཅོས་བྱ་རྒྱུར་བཀོད་སྒྲིག་བྱས་པས།ནགས་ཁུལ་ནགས་རའི་ཆ་སྙོམས་མི་རེའི་སྡོད་ཁྱོན་དེ་ལེགས་བཅོས་མ་བྱེད་སྔོན་གྱི་སྨི་གྲུ་བཞི་མ13.1ནས་ད་ལྟའི་སྨི་གྲུ་བཞི་མ24.5ལ་འཕར་སྣོན་བྱུང་ཡོད།ནགས་ལས་སྤྱིལ་ཁྱིམ་སྡེ་ཁུལ་ལེགས་བཅོས་བྱེད་པའི་ཨར་ལས་ལག་བསྟར་བྱས་ཏེ་ཕན་ནུས་ལྡན་པའི་སྒོས་ནགས་ཁུལ་གྱི་དམངས་འཚོར་ལེགས་བཅོས་བྱས་ཡོད་ལ། ནགས་ཁུལ་གྱི་མི་ལག་ཆགས་སྟངས་ལེགས་སྒྲིག་བྱེད་ཚད་མགྱོགས་སུ་བཏང་ཡོད་ཅིང་།གྲོང་རྡལ་ཅན་གྱི་འཕེལ་རིམ་ལའང་སྐུལ་འདེད་བཏང་ཡོད་ཅེས་པ་ནི་རྒྱལ་ཁབ་ནགས་ལས་ཅུས་ཀྱི་འཕེལ་རྒྱས་འཆར་འགོད་དང་མ་དངུལ་དོ་དམ་ཧྲིའི་ལྟ་སྐོར་བ་ཝང་ཆན་ཅིན་གྱིས་བཤད་པ་རེད།ཁོང་གིས་ད་དུང་ཨར་ལས་དེ་ལག་བསྟར་བྱས་པའི་དབང་གིས་ནགས་རའི་ལས་བཟོ་རྣམས་བརླན་བཤེར་ཆེ་ཞིང་མུན་ནག་ཡིན་པའི་སྤྱིལ་ཁྱིམ་སྡེ་ཁུལ་དང་སྟབས་བདེའི་སྡོད་ཁང་ནས་ཡངས་ཤིང་གསལ་པོའི་སྡོད་ཁང་ནང་སྤོས་བཅུག་པ་དང་། རིམ་བཞིན་ནགས་ཁུལ་གྱི་ལས་བཟོ་པའི་སྡོད་ས་དང་། གློག་སྤྱོད་རྒྱུ་འཐུང་ཆུ་ཡོད་པ།འགྲིམ་འགྲུལ་སོགས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དཀའ་བའི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ཡོད་པ་རེད་ཅེས་བཤད་རེད།།