བོད་ལྗོངས་འཕྲིན་དྲ། 2014-11-21
བོད་ལྗོངས་ཀྱིས་དུས་བཀག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཕྱོགས་བསྡོམས་གཟེངས་བསྟོད་དང་དུས་བཀག་བཞི་པའི་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས16ཉིན།རང་ལྗོངས་ཀྱིས་དུས་བཀག་གསུམ་པའི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་ཕྱོགས་བསྡོམས་གཟེངས་བསྟོད་དང་དུས་བཀག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད།དེའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་དུས་བཀག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་ཁྲི5ལྷག་གིས་མུ་མཐུད་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ་དང་སྡེ་ཁུལ5464རུ་བཅའ་སྡོད་བྱས་ཏེ་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་དང་སྦྲགས་གཞི་རིམ་གྱི་བྱ་བ་སོ་སོ་བརྟན་བརླིང་གོང་འཕེལ་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་མཚོན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10