མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-12-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཅུའུ་ཨར་གྱིས་ཚེས11ཉིན་ཨན་ཁཱ་ལཱ་ནས་དབྱི་སི་རལ་གྱིས་གྲོས་མོལ་བྱས་ཏེ་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཅུའུ་ཨར་གྱིས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་ཕཱ་ལེ་སི་ཐན་གྱི་ཞི་བདེ་དང་དར་རྒྱས་མཐོང་འདོད་ཡོད་པ་དང་། དབྱི་སི་རལ་གྱིས་དང་ལེན་བྱེད་ཐབས་མེད་པའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་འཆར་གཞི་བསྐྱུར་དགོས་ཟེར།
ཅུའུ་ཨར་གྱིས་བཤད་རྒྱུར། ང་ཚོས་བལྟས་ན། དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་གསར་བ་བེད་སྤྱད་དེ་ལྷོ་བྱང་ཁ་ཁར་བྱས་ཏེ། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་མི་ཁེར་རྐྱང་དུ་ཕུད་པའི་ཆོད་དོན་ནི་ཧ་ཅང་ཉེན་ཁ་ཆེ་བའི་དོན་ཞིག་ཡིན་པ་དང་། དབྱི་སི་རལ་གྱིས་ངེས་པར་དུ་འཆར་གཞི་དེ་བསྐྱུར་ནས་སྒེར་ཚུགས་ཀྱི་རྒྱལ་ཁབ་གཉིས་ཀྱིས་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་མཉམ་གནས་བྱེད་པར་འཐད་པ་འབྱུང་དགོས་པར་འདོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10