ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-12-14
རྟོག་ཞིབ་གནང་བའི་རིང་། ཀྲུང་དབྱང་གསར་འགྱུར་ཚན་པའི་འགན་འཁུར་བས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྩོམ་སྲོལ་ལེགས་བསྒྱུར་དང་གཏན་འབེབས་ཆེན་པོ་བརྒྱད་ནང་བཏོན་པའི་གསར་འགྱུར་གནས་ཚུལ་གཏོང་སྤེལ་དང་། རྩོམ་སྲོལ་ལེགས་བསྒྱུར་ཐད་ཀྱི་བླང་བྱར་སློབ་སྦྱོང་ནན་ཏན་གནང་ཡོད་པ་རེད། ལིའུ་ཆི་པའོ་ཡིས་གསར་འགྱུར་འཐབ་ཕྱོགས་ཀྱིས་ཏང་གི་དགོངས་ཚུལ་དྲིལ་བསྒྲགས་དང་། སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློ་བརྒྱུད་བསྒྲགས་བྱེད་པའི་གལ་ཆེའི་ལས་འགན་འཁུར་ཡོད་པས། ངེས་པར་དུ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཀྲུང་དབྱང་གི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རྩོམ་སྲོལ་ལེགས་བསྒྱུར་བྱེད་རྒྱུ་དེ་མིག་སྔའི་གལ་ཆེའི་ལས་འགན་ཞིག་ཏུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་དང་། འཕྲལ་དུ་བཀོད་སྒྲིག་བྱེད་པ། སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10