ཞི་ཅིན་ཕེན་གྱིས་ཀོང་ཀྲིག་འཐབ་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-12-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ12པའི་ཚེས8ཉིན་ནས་ཚེས10ཡི་ཉིན་བར་ཀོང་ཀྲིག་འཐབ་ཁུལ་གྱི་བྱ་བར་རྟོག་མཛད་དེ། དམག་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོ་ལག་བསྟར་བཟང་བོ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་དང་། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་ནི་དམག་དཔུང་གི་བླ་སྲོག་ལྟ་བུ་ཡིན་པ་དང་། དམག་འཁྲུག་ལ་མཁས་པ་དང་དམག་འཁྲུག་ལས་རྣམ་པར་རྒྱལ་རྒྱུ་ནི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་གཙོ་གནད་ཡིན་ལ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་། དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ་ནི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་གཞི་རྩ་ཡིན་པ་ཡིད་ལ་དམ་པོར་བཟུང་ནས། གསར་བརྗེ་ཅན་དང་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་པའི་རེ་འབོད་བཏོན།  །
  • ལེ་ཚན་སྔོན་མ།:ལི་ཁི་ཆཱང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁ་ཐི་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ལིའུ་ཆི་པའོ་ཡིས་ཀྲུང་དབྱང་གསར་འགྱུར་ཚན་པར་རྟོག་ཞིབ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།