མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-12-13
ཟླ12པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁ་ཐི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་གིས་ཚེས11ཉིན་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁ་ཐི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆཱང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་པས། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་སྒོ་འབྱེད་རྒྱ་བསྐྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རྒྱ་ཆེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་ལ་གོ་སྐབས་བཟང་བོ་བསྐྲུན་ངེས་ཡིན། ཁྱོད་ཀྱིས་མུ་མཐུད་དུ་ནུས་པ་ཆེན་པོ་བཏོན་ཏེ་ཨ་མེ་རི་ཁའི་ཆབ་སྲིད་པ་དང་མི་དམངས་ལ་ཀྲུང་གོ་མཚམས་སྦྱོར་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ། འཛམ་གླིང་བཅས་ལ་འབྲེལ་བ་ཡོད་པའི་གལ་ཆེན་རང་བཞིན་གསལ་བོར་བཤད་དགོས་ཟེར།
ཁ་ཐི་ཡིས་བཤད་རྒྱུར། ང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་པའི་ཆ་ནས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁ་བར་གྱི་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་པར་བརྩོན་ལེན་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10