འབུམ་རམས་པ172བདམས་ཏེ་ནུབ་རྒྱུད་ས་ཁུལ་དུ་ཞབས་ཞུ་དང་སྦྱོང་བརྡར་བྱེད་དུ་མངག་གཏོང་བྱས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-12-12

འབུམ་རམས་པ172བདམས་ཏེ་ནུབ་རྒྱུད་ས་ཁུལ་དུ་ཞབས་ཞུ་དང་སྦྱོང་བརྡར་བྱེད་དུ་མངག་གཏོང་བྱས་པ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་སྔོན་ལ་ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཉིན་ཤས་གོང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱི་འབུམ་རམས་པའི་སློབ་གནས་ཡོད་པའི་གཞོན་ནུ་ཤེས་ལྡན་མི་སྣ172བདམས་ཏེ། ཁག13པའི་འབུམ་རམས་ཞབས་ཞུའི་ཚོགས་པ་སྒྲིག་འཛུགས་ཀྱིས་ནུབ་རྒྱུད་ས་ཁུལ་དུ་བསྐྱོད་དེ་དུས་ཡུན་ལོ་གཅིག་རིང་གི་ཞབས་ཞུ་སྦྱོང་བརྡར་བྱ་རྒྱུ་ཡིན་པ་རེད། སྤྱི་ཚེས7ཉིན་ཐེངས13པའི་འབུམ་རམས་ཞབས་ཞུའི་ཚོགས་པའི་ཁོངས་མིས་པེ་ཅིན་དུ་གཅིག་བསྡུས་ཐོག་གསོ་སྦྱོང་དང་ལེན་བྱས་པ་རེད།

    འབུམ་རམས་ཞབས་ཞུ་ཚོགས་པའི་ལས་དོན་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་དང་ཁྱབ་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་བྱེད་ཐབས་གལ་ཆེན་ཞིག་བཟུང་ཡོད་པ་རེད། སྤྱི་ལོ1999ལོ་ནས་བཟུང་། སྔ་རྗེས་སུ་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་བཅུ་གཉིས་ནུབ་རྒྱུད་ས་ཁུལ་དུ་ཞབས་ཞུ་སྦྱོང་བརྡར་བྱེད་དུ་བདམས་མངག་བྱས་ཡོད་པ་དང་། ཁག་བཅུ་གསུམ་པའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ནི་དེ་སྔ་དང་བསྡུར་ན་མི་གྲངས་མང་ཤོས་ཀྱི་ཐེངས་ཤིག་ཡིན་པ་རེད། ད་ཐེངས་བདམས་མངག་བྱས་པ་གཙོ་གནད་མངོན་གསལ་དོད་དེ། བོད་ལྗོངས་དང་ཤིན་ཅང་། ཀུའེ་ཀྲོའུ་སོགས་ས་ཆར་ལྟ་རྟོག་བྱས་ཡོད་པ་དང་། ས་གནས་དེ་དག་ཏུ་ཁྱོན་བསྡོམས་མི61འདེམས་གཏོང་བྱས་ཡོད། དུས་མཚུངས་སུ་གཙོ་གནད་ཐོག་ནུབ་རྒྱུད་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཁ་ཚ་དགོས་གཏུགས་ཀྱི་རིགས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་བདམས་མངག་བྱས་ཡོད་ཅིང་། ཁྱོན་ཡོངས་ཀྱི་ཆུ་ཚད་ཅུང་མཐོ་བ་དང་། ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བ་ཤ་སྟག་ཡིན་ཏེ། ཆ་སྙོམས་ལོ་ཚད་རང་ལོ39ཡིན་པ་དང་མང་ཆེ་བ་ནི་གཅིག་ནས་ལས་ཞུགས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡོད་པ་དང་། གཉིས་ནས་སྲིད་འཛིན་དོ་དམ་དང་ཉམས་མྱོང་གཉིས་ཀ་ལྡན་པའི་ཤེས་ལྡན་མི་སྣ་ཡིན་པ་རེད།    །

  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་སྤྱི་ལོ2013ལོའི་དུས་ཆེན་དང་གུང་གསེང་ཁག་ཅིག་བཀོད་སྒྲིག་བྱས་པ།
  • ལེ་ཚན་རྗེས་མ།:ཀྲུང་ཀོའི་པར་ལེན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་པེ་ཅིན་ནས་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།