ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-12-12
བརྡ་ཐོའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་ལོ་གསར་དང་དུས་ཆེན། དེ་བཞིན་དྲན་གསོའི་ཉིན་མོ་བཅས་གུང་གསེང་འཇོག་ཐབས་ལ་བཟོ་བཅོས་བརྒྱབ་པའི་གཏན་འབེབས་ལྟར། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དུས་ཆེན་དང་གུང་གསེང་རིང་ཡུལ་སྐོར་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཐོན་སྐྱེད་ཚོང་གཉེར་སོགས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ལུགས་མཐུན་བྱེད་རྒྱུར་སྟབས་བདེ་སྐྲུན་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་གནང་བ་བརྒྱུད་སྤྱི་ལོ2013ལོའི་སྤྱི་ཟླའི་ལོ་གསར་དང་དཔྱིད་གསར་དུས་ཆེན། དུར་ཕྱག་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་པའི་བཅོ་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་དོན་དུས་ཆེན་བཅས་ཀྱི་གུང་གསེང་ངལ་གསོའི་ཉིན་མོ་བཀོད་སྒྲིག་བྱས་པ་གཤམ་གསལ།
དང་པོ། སྤྱི་ཟླ1པོའི་ཚེས1ཉིན་ནས་ཚེས3ཉིན་བར་སྤྱི་ཟླའི་ལོ་གསར་ཡིན་པ་དང་ངལ་གསོ་ཉིན3འཇོག་རྒྱུ་དང་།
གཉིས་པ། སྤྱི་ཟླ2པའི་ཚེས9ཉིན་ནས15ཉིན་བར་དཔྱིད་གསར་དུས་ཆེན་ཡིན་པ་དང་ངལ་གསོ་ཉིན7འཇོག་རྒྱུ།
གསུམ་པ། སྤྱི་ཟླ4བའི་ཚེས4ཉིན་ནས6ཉིན་བར་དུར་ཕྱག་དུས་ཆེན་ཡིན་པ་དང་ངལ་གསོ་ཉིན3འཇོག་རྒྱུ།
བཞི་པ། སྤྱི་ཟླ4བའི་ཚེས29ཉིན་ནས་སྤྱི་ཟླ5བའི་ཚེས1ཉིན་བར་ལྔ་གཅིག་ངལ་རྩོལ་དུས་ཆེན་ཡིན་པ་དང་ངལ་གསོ་ཉིན3འཇོག་རྒྱུ།
ལྔ་པ། སྤྱི་ཟླ6པའི་ཚེས10ཉིན་ནས12ཉིན་ལྔ་པའི་བཅོ་ལྔའི་དུས་ཆེན་ཡིན་པ་དང་ངལ་གསོ་ཉིན3འཇོག་རྒྱུ།
དྲུག་པ། སྤྱི་ཟླ9བའི་ཚེས་19ཉིན་ནས21ཉིན་བར་ཟླ་མཆོད་དུས་ཆེན་ཡིན་པ་དང་ངལ་གསོ་ཉིན3འཇོག་རྒྱུ།
བདུན་པ། སྤྱི་ཟླ10བའི་ཚེས1ཉིན་ནས་ཚེས7ཉིན་བར་རྒྱལ་སྟོན་དུས་ཆེན་ཡིན་པ་དང་ངལ་གསོ་ཉིན7འཇོག་རྒྱུ་བཅས་ཡིན་པས་ལོ་གསར་དང་དུས་ཆེན་རིང་ས་ཁུལ་ཁག་དང་སྡེ་ཁག་ཁག་ནས་ལས་རེས་དང་བདེ་འཇགས། སྲུང་སྐྱོབ་སོགས་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས། གལ་ཏེ་ཚབས་ཆེའི་གློ་བུར་དོན་གཞི་ཐོན་ཚེ་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་ཞུ་བྱེད་པ་མ་ཟད་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་ཞི་བདེ་ལྷིང་འཇགས་ཁྲོད་དུ་དུས་ཆེན་གཏོང་རྒྱུ་འགན་ལེན་བྱེད་དགོས་ཞེས་འཁོད་འདུག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10