2012-12-12
ཟླ12པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀོང་ཀྲིག་གྲོང་ཁྱེར་ནས་མགོ་འཛིན་མཛད་དེ་དཔལ་འབྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། པར་འདི་ནི་ཞི་ཅིན་ཕེན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་གསུངས་བཤད་གནང་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀོང་ཏུང་ཞིང་ཆེན་ཏུ་བྱ་བར་རྟོག་ཞིབ་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས9ཉིན་ཀོང་ཀྲིག་གྲོང་ཁྱེར་ནས་མགོ་འཛིན་མཛད་དེ་དཔལ་འབྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དེང་སྐབས་ཀྱི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀོང་ཏུང་ཞིང་ཆེན་གྱི་ཕྱོགས་སོ་སོས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཞི་ཅིན་ཕེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཕྱི་ནང་གི་ཁོར་ཡུག་ལ་དབྱེ་ཞིབ་བྱེད་སྐབས། མདུན་དུ་ལྷགས་པའི་དཀའ་ཁག་དང་འགྲན་རྩོད་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད། འཛོམས་པའི་ནུས་ལྡན་ཆ་རྐྱེན་དང་རྒྱུ་རྐྱེན་མཐོང་དགོས་པ་དང་། ཅིས་ཀྱང་རྣམ་པར་རྒྱལ་བའི་ཡིད་ཆེས་ཡོད་དགོས་པར་མ་ཟད་ཉེན་ཁའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རེ་བ་ལྟར། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
བཞུགས་མོལ་ཚོགས་འདུའི་སྟེང་ཀོང་ཏུང་ཞིང་ཆེན་དང་ཏུང་ཀོན་གྲོང་ཁྱེར། ཧྥོ་ཧྲན་གྲོང་ཁྱེར་གྱི་ནན་ཧེ་ས་ཁུལ། ཀྲུང་ཧྲན་གྲོང་ཁྱེར་ཞོ་ལན་གྲོང་བརྡལ། ཏུང་ཀོན་ཚན་རྩལ་གསར་སྐྲུན། ཅིན་ཧྥ་ཚན་རྩལ་ཀུང་ཟི་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་པས་ས་ཆ་རང་དང་ཁེ་ལས་རང་གི་གནས་ཚུལ་དངོས་དང་འབྲེལ་ནས་གཏམ་བཤད་པ་དང་། ཞི་ཅིན་ཕེན་གྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་ཞོར་དུ་ཟིན་བྲིས་བཀོད་པར་མ་ཟད། ཚང་མ་དང་ལྷན་དུ་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཚང་མས་བཏོན་པའི་གནད་དོན་ལ་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ནན་ཏན་སྒོས་ཞིབ་འཇུག་བྱེད་པ་དང་། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་ཞིང་ཁྲིམས་སྐྱོང་བྱ་བར་གཙིགས་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གནད་དོན་ཐག་གཅོད་ངེས་ཡིན་ཟེར།
དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་སྐོར་གླེང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་གནས་བབ་ལ་དམིགས་ཏེ། ང་ཚོས་རིགས་ལམ་སྔར་ལས་གསལ་བར་བྱེད་དགོས་པ་དང་། ད་ལོར་རང་རྒྱལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་དགོས་པ་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་བརྟན་འཇགས་ཡིན་པ་གསལ་བོར་མཐོང་དགོས་པར་མ་ཟད། རྒྱལ་སྤྱི་དང་རྒྱལ་ནང་གི་མི་ལེགས་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་གསལ་བོར་མཐོང་ནས། འགལ་བ་དང་གནད་དོན་ལ་མི་བྱོལ་ཞིང་རྒྱུ་རྐྱེན་སྣ་ཚོགས་རྩད་བཅད་ནས་མཇུག་འབྲས་བཟང་བོ་ཞིག་ཐོབ་པར་བརྩོན་ལེན་བྱེད་དགོས་པར་མ་ཟད་རང་འགུལ་དབང་ཆ་འཛིན་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10