རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 2012-12-12
ད་ལོའི་ཚུན་ནས་བཟུང་། ཞིང་ཆེན་རིམ་པའི་སློབ་གསོའི་འགྲོ་སོང་གི་བསྡུར་ཚད་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་ཆེད། རྨ་ལྷོ་ཁུལ་གྱིས་སློབ་གསོའི་བསྡུར་ཚད་དེ་སྲིད་གཞུང་གི་ལོ་ཧྲིལ་བོའི་དམིགས་ཚད་དཔྱད་ཞིབ་མ་ལག་གི་ནང་དོན་གཙོ་བོར་བཞག་སྟེ། འགན་འཁྲི་གསལ་བོ་བྱས། ཁུལ་དང་རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས་སློབ་གསོའི་དངུལ་གཏོང་འགོ་ཁྲིད་ཚན་ཆུང་བཙུགས་ནས་ཞིང་ཆེན་རིམ་པས་ལས་བགོས་བྱས་པའི་དམིགས་ཚད་ལས་འགན་ལ་གཞིགས་ཏེ་བྱ་བའི་འཆར་གཞི་བཟོས་པ་དང་། ཞིབ་ཕྲའི་བྱེད་ཐབས་གཏན་འཁེལ་བྱས་ནས་འབྲེལ་ཡོད་བྱ་བ་སྣ་ཚོགས་རྩ་འཛུགས་བྱས། འགྲོ་སོང་སྣ་ཚོགས་ཁྲོད་སློབ་གསོའི་ཕྱོགས་ཀྱི་འགྲོ་གྲོན་ལེགས་སྒྲིག་བྱེད་པ་སློབ་གསོའི་འགྲོ་སོང་ལས་གཞི་ཞིག་ཏུ་བརྩིས་པ་དང་། གཅིག་གྱུར་སྒོས་སློབ་གྲྭ་ཆུང་འབྲིང་གི་ཁྱབ་ཚུལ་ལེགས་སྒྲིག་དང་སློབ་མའི་མལ་ཁང་བདེ་འཇགས་བཟོ་འགོད་ས་ཁུལ་ལ་མ་དངུལ་ཆ་སྡེབ་བྱས།
བྱེད་ཐབས་འདི་དག་སྤྱད་པས་ཟླ10བའི་ཟླ་མཇུག་བར་དུ་རྨ་ལྷོ་ཁུལ་གྱིས་སློབ་གསོའི་འགྲོ་སོང་ཐད་བསྡོམས་པས་མ་དངུལ་སྒོར་ཁྲི67770ལེགས་འགྲུབ་བྱས་པ་དང་། ན་ནིང་གི་དུས་མཉམ་ལས72.2འཕར་ཡོད་ལ། སློབ་གསོའི་འགྲོ་སོང་གིས་ནོར་སྲིད་འགྲོ་སོང་གི18.6%ཟིན་ཡོད། སློབ་གསོའི་འགྲོ་སོང་དང་ནོར་སྲིད་འགྲོ་སོང་གི་ནང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སློབ་གསོའི་ཆེད་སྤྱོད་མ་དངུལ་ཕུད་རྗེས། སློབ་གསོའི་འགྲོ་སོང་གིས་ནོར་སྲིད་འགྲོ་སོང་གི11.98%ཟིན་པ་དང་། དེ་ཞིང་ཆེན་ནོར་སྲིད་ཐིན་གྱིས་གཏན་འཁེལ་བྱས་པའི11.75%ཡི་དམིགས་ཚད་ལས་འགན་ལས་བརྒྱ་ཆའི་ཆ0.23གྱི་ཇེ་མཐོར་སོང་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10