རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།

    རིག་འབྱུང་དྲ་བ།    2012-12-11

རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།
 

རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།

     ཟླ11པའི་ཚེས24ཉིན། རི་སྤྱང་རོལ་ཚོགས་ཀྱི་ཆེད་བསྒྲིགས་བརྙན་འཁོར་གཉིས་པ་《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་ཚོགས་ཟི་ལིང་དུ་བསྡུས། རི་སྤྱང་སྒྲ་བརྙན་དང་ནན་ཆཱང་སྒྲ་མཛོད་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་བོད་ཀྱི་རོལ་མོ་དྲ་བ་སོགས་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་གང་ལེགས་བྱས་ཡོད་པ་རེད།   ཆེད་ཚོགས་ཀྱི་ཡུལ་དངོས་སུ་སློབ་མ་དང་མང་ཚོགས་གང་མང་ཞུགས་ཏེ་རི་སྤྱང་རོལ་ཚོགས་ལ་རྒྱབ་སྐྱོར་གྱི་དང་བ་མཚོན་ནས་ཡོད་པ་རེད།

རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།

     རི་སྤྱང་རོལ་ཚོགས་ནི2007ལོར་བཙུགས་པ་དང་། ཐོག་མའི་ཚོགས་མི་པདྨ་རྡོ་རྗེ་དང་། དཀའ་ཐུབ་རྒྱལ། ཤ་བོ་ཚེ་རིང་། ཤ་བོ་བཀྲ་ཤིས། ཤ་བོ་དོན་འགྲུབ་བཅས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་འགས་གྲུབ་པ་ཡིན་མོད།  འཚོ་བའི་བརྡབ་གསིག་དང་ལང་ཚོའི་འཕར་ཤུགས་ཀྱི་གཤོག་རྡེབ་དེས་2010ལོར་ཤ་བོ་བཀྲ་ཤིས་དང་ཤ་བོ་དོན་འགྲུབ་གཉིས་ཚོགས་པ་ལས་ཕྱིར་བུད་པ་རེད།

རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།

   དེ་ཡང2008ལོའི་ཟླ7པར། རི་སྤྱང་རོལ་ཚོགས་ཀྱི་ཆེད་བསྒྲིགས་དྲིལ་སྒྲོག་ཆེད་ཚོགས་བསྡུས་པ་དང་།  2008ལོའི་ཟླ8པར། 《སེམས་ཀྱི་བུ་མོ》ཞེས་པའི་རྐྱང་གཞས་འགྲེམ་སྤེལ་བྱས།  2008ལོའི་ཟླ12པར། 《ཕུ་བོ》ཞེས་པའི་ཆེད་བསྒྲིགས་ཐོག་མ་བཀྲམ།  མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་སར་དགོང་ཚོགས་སོགས་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་རིག་རྩལ་སྤྲོ་ཚོགས་གང་མང་ཞིག་ལ་ཞུགས་ཏེ་རི་སྤྱང་གི་སྐྱོ་ལ་སྡུག་པའི་ཁེར་རྐྱང་གི་སེམས་སྒྲ་དང་།  ལང་ཚོའི་འཕྱུར་སྟོབས་འབར་བའི་གླུ་ངག་གི་འབོད་པ་དེ་མཚོན་ནས་ཡོད་པ་རེད། །


 

  • ལེ་ཚན་སྔོན་མ།:དཀའ་ཐུབ་རྒྱལ་རྣམ་པ་ཅན་གྱི་བརྩེ་གཞས་ཆེད་བསྒྲིགས་ཐོག་མ།
  • ལེ་ཚན་རྗེས་མ།:རྨ་ལྷོ་ཁུལ་གྱིས་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར6.77བཏང་བ།
  • དོ་སྣང་ཆེ་བའི་རྩོམ།