དཀའ་ཐུབ་རྒྱལ་རྣམ་པ་ཅན་གྱི་བརྩེ་གཞས་ཆེད་བསྒྲིགས་ཐོག་མ།

དཀའ་ཐུབ་རྒྱལ།        2012-12-11

དཀའ་ཐུབ་རྒྱལ་རྣམ་པ་ཅན་གྱི་བརྩེ་གཞས་ཆེད་བསྒྲིགས་ཐོག་མ།
དཀའ་ཐུབ་རྒྱལ་རྣམ་པ་ཅན་གྱི་བརྩེ་གཞས་ཆེད་བསྒྲིགས་ཐོག་མ།

        ཉེ་ལམ། དཀའ་ཐུབ་རྒྱལ་རྣམ་པ་ཅན་གྱི་བརྩེ་གཞས་ཆེད་བསྒྲིགས་ཐོག་མ་རྒྱུད་སྐུད་ཀྱི་འདར་སྐྱོམ་ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་རེད། 
        བརྙན་འཁོར་ཆེད་བསྒྲིགས་འདིའི་ནང་ཕུལ་དུ་བྱུང་བའི་བོད་རིགས་གཞོན་སྐྱེས་གླུ་བ་ལྔ་དང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་རོལ་ཚོགས་ཤིག་གིས་དཀའ་ཐུབ་རྒྱལ་གྱིས་དབྱངས་བརྩམས་པའི་བརྩེ་གཞས་བཅུ་གཉིས་ལེགས་པར་དཀྲོལ་ཡོད་ལ། སྒྲ་དངMTVཐམས་ཅད་རི་སྤྱང་སྒྲ་བརྙན་བསྒྲིགས་སྦྱོར་ཁང་གི་ལས་མི་འབའ་ཞིག་གིས་སྒྲིག་བཟོ་བྱས། མི་སྒེར་གྱི་བརྙན་འཁོར་ཆེད་བསྒྲིགས་འདི་ལས་དཀའ་ཐུབ་རྒྱལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་བསལ་ཐོན་ཡོད་པས་ན“རྒྱུད་སྐུད་ཀྱི་འདར་སྐྱོམ། དཀའ་ཐུབ་རྒྱལ་གྱི་བརྩེ་གཞས”ཞེས་བརྗོད།
        དེ་ཡང“དཀའ”ཞེས་པ་ནི་བོད་རིགས་ན་གཞོན་དབྱངས་རྩོམ་མཁན་དཀའ་ཐུབ་རྒྱལ་གྱི་མིང་གི་ཐོག་མར་གོ་བ་དང་། ཁོ་ནི་ལོ་རབས་བརྒྱད་ཅུ་བའི་བོད་རིགས་གཞོན་སྐྱེས་ཤིག་སྟེ་སློབ་ཆེན་དུ་མཛེས་རྩལ་ཆེད་ལས་ལ་སློབ་གཉེར་བྱས་ཤིང་། གྲོགས་པོ་ཚོས་མཛེས་རྩལ་སློབ་མཁན་ཞིག་གིས་ཕུལ་དུ་བྱུང་བའི་དབྱངས་རྩོམ་ཐུབ་པ་ཅི་ཡིན་ནམ་སྙམ་ནའང་། ཁོས་མཛེས་རྩལ་བརྩམས་ཆོས་ནི་འགུལ་མེད་ཀྱི་དབྱངས་རྟ་ཞིག་དང་དབྱེར་མེད་པ་དང་། རོལ་མོའི་བརྩམས་ཆོས་ནི་རྒྱུ་བཞིན་པའི་མཛེས་རིས་ཤིག་དང་ཀུན་ནས་མཚུངས་ཤིང་། དུས་རྒྱུན་དུ་མཚུངས་མེད་ཀྱི་སྒྱུ་རྩལ་འདི་གཉིས་ཀའི་ཐུན་མོང་གི་ཚོར་བ་ཉམས་སུ་མྱོང་བར་བཤད།
        དཀའ་ཐུབ་རྒྱལ་ནི་ད་ལྟ་ཟི་ལིང་གྲོང་ཁྱེར་གྱི“རི་སྤྱང་སྒྲ་བརྙན་བསྒྲིགས་སྦྱོར་ཁང”དུ་དབྱངས་རྩོམ་པ་དང་དབྱངས་སྒྲིག་པའི་ལས་ལ་འབད་བཞིན་གདའ་ལ། ཁོ་ནི་རི་སྤྱང་རོལ་ཚོགས་ཀྱི་གསར་འབྱེད་པ་དང་། དེ་སྔོན་རི་སྤྱང་རོལ་ཚོགས་ཀྱི་སྒྲ་སྙན་རྒྱུད་དྲུག་མguitarདང་། སྒྲ་མཐེབ་དཀྲོལ་མཁནkeyboard playerབཅས་བྱས་མྱོང་ཞིང་། ད་ལྟ་རོལ་ཚོགས་ཁྲོད་ཀྱི་པེ་སི་སྒྲ་བརྙན་དཀྲོལ་མཁནbassplayerཡིན། དཀའ་ཐུབ་རྒྱལ་ལ་དངོས་ཡོད་དང་འཕྲུལ་སྣང་གི་མཐའ་རུ་ཉུལ་ཞིང་། འགྱུར་ཁུགས་དང་དབྱངས་རྟ་ལ་སྙིང་ནས་འདུད་མཁན་ཞིག་ཅེས་གདེང་འཇོག་ཆེན་པོ་ཐོབ་མྱོང་། 

  • ལེ་ཚན་སྔོན་མ།:བོད་ཀྱི་གླུ་བ་གསུམ་གྲངས་ཉུང་མི་རིགས་ཀྱི་ན་གཞོན་གླུ་བ་བཅུའི་གཞས་ཚོགས་ཕབ་སྐྲུན་དུ་ཞུགས་པ།
  • ལེ་ཚན་རྗེས་མ།:རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།