མཚོ་སྔོན་པོ་དྲ་བ། 2012-12-11
བོད་ཀྱི་ཕུལ་བྱུང་གླུ་བ་གསུམ་གྲངས་ཉུང་མི་རིགས་ན་གཞོན་
གླུ་བ་བཅུའི་གཞས་ཚོགས་ཕབ་སྐྲུན་དུ་ཞུགས་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ12པའི་ཚེས11ཉིན་གྱི་དགོང་མོའི་ཆུ་ཚོད19:30སྟེང་། པེ་ཅིང་ཟློས་གར་ཁང་དུCCTVགླུ་གཞས་ལེ་ཚན་གྱི“གྲངས་ཉུང་མི་རིགས་ན་གཞོན་གླུ་བ་བཅུའི་གཞས་ཚོགས་ཆེན་མོ”ཞེས་པ་ཕབ་སྐྲུན་བྱ་རྒྱུ་ཡིན་ཞིང་། ཚེ་དབང་རྡོ་རྗེ་དང་བཀྲ་ཤིས་དོན་གྲུབ། འཇམ་དབྱངས་སྒྲོལ་བཅས་བོད་རིགས་ཕུལ་བྱུང་ན་གཞོན་གླུ་བ་གསུམ་ཡང་གཞས་ཚོགས་འདི་རུ་ཞུགས་ཏེ་ཡུལ་དངོས་སུ་གླུ་གཞས་ལེན་པ་ཡིན། ཟླ12པའི་ཚེས30ཉིན་གཞས་ཚོགས་ཆེན་མོ་འདི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གླུ་གཞས་ལེ་ཚན་དུ་གཏོང་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10