ལིན་ཅེ་ཧྭ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་མཇའ་འཕྲད་གནང་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2012-12-10

ལིན་ཅེ་ཧྭ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་མཇའ་འཕྲད་གནང་བ།

ལིན་ཅེ་ཧྭ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་མཇའ་འཕྲད་གནང་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས3ཉིན།  ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིན་ཅེ་ཧྭ་ཡིས་པེ་ཅིན་ནས་སྐབས་བརྒྱད་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་མཐོ་རིམ་སློབ་གནས་ཐོབ་མཁན་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་མཇའ་འཕྲད་གནང་།  ལིན་ཅེ་ཧྭ་ཡིས་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཚབ་བྱས་ཏེ་དུས་ཡུན་རིང་བོ་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་སུ་ཞུགས་བཞིན་པའི་བླ་མ་སྐྱེས་ཆེན་རྣམས་ལ་འཚམས་འདྲི་མཛད་པ་མ་ཟད།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆེས་མཐོ་བའི་སློབ་གནས་སྟེ“དགེ་བཤེས་རྡོ་རམས་པ”ཐོབ་མཁན་ལ་རྟེན་འབྲེལ་ཞུས། 

ལིན་ཅེ་ཧྭ་ཡིས་ཉིན་ཤས་ཀྱི་སྔོན་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཐེངས18པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བསྡུས་ཤིང་། ཚོགས་འདུ་ལས་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་འདོན་དགོས་པར་བསྟན།  རེ་བ་ཡིན་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཁྲོད་ཀྱི་གྲོགས་པོ་སོ་སོས་མུ་མཐུད་དུ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་འཆམ་མཐུན་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན། །

ལིན་ཅེ་ཧྭ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་མཇའ་འཕྲད་གནང་བ།
ཚོགས་ཞུགས་མི་སྣས་རྗེས་དྲན་གྱི་འདྲ་པར་བླངས་བ།

 
  • ལེ་ཚན་སྔོན་མ།:བོད་ལྗོངས་འབྲིང་ཆུང་སློབ་མའི་མཁའ་གྲུ་བཟོ་བཀོད་འགྲན་བསྡུར་ལྷ་ས་ནས་སྤེལ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་པར་འགྲེམས་ཆེ་གྲས་དེ་ཧྲང་ཧའེ་རུ་བྱས་
  • དོ་སྣང་ཆེ་བའི་རྩོམ།