ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་པར་འགྲེམས་ཆེ་གྲས་དེ་ཧྲང་ཧའེ་རུ་བྱས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    2012-12-11

ཉེ་ཆར་ཀྲུང་གུང་ཧྲང་ཧའེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ཡན་ལག་ཁང་གཉིས་ཀྱིས་མཉམ་དུ་གཉེར་བའི“ཚན་རིག་དང་མཐུན་པའི་གོང་འཕེལ་དང་འོད་སྟོང་འབར་བའི་གྲུབ་འབྲས་ཞེས་པའི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་པར་འགྲེམས་ཆེ་གྲས”དེ་ཧྲང་ཧའེ་དཔེ་མཛོད་ཁང་དུ་གཉེར་འགོ་ཚུགས་པ་རེད། ད་རེས་ཀྱི་པར་འགྲེམས་ནང་དུ་ཚོགས་ཆེན་བཅུ་དྲུག་པ་ཚུན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་དུ་བླངས་པའི་ཚོན་ཁྲ་ཅན་གྱི་པར500ལྷག་བསྡུས་པ་དེ་དག“ཚན་རིག་དང་མཐུན་པའི་གོང་འཕེལ་ཐོག་ནས་བརྗིད་ཆེའི་ལེའུ་གསར་པ་བརྩམས”དང“སྒྱུར་བཅོས་གཏིང་ཟབ་བྱས་ནས་འབྱོར་འབྲིང་བསྐྲུན”“འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་གྲུབ་ཆ་ལེགས་སྒྲིག་བྱེད”ཁག་བཅུ་གཉིས་སུ་བགོས་ཏེ་ལོ10ཡི་རིང་རང་རྒྱལ་གྱི་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་སྒོ་ཀུན་ནས་མངོན་པ་བྱས་ཡོད་པ་རེད།  །
  • ལེ་ཚན་སྔོན་མ།:ལིན་ཅེ་ཧྭ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་མཇའ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྲྭ་སེར་མང་ཚོགས་ཀྱིས་བཅུ་བའི་ལྔ་མཆོད་བསུས་པ།
  • དོ་སྣང་ཆེ་བའི་རྩོམ།