བོད་ལྗོངས་འབྲིང་ཆུང་སློབ་མའི་མཁའ་གྲུ་བཟོ་བཀོད་འགྲན་བསྡུར་ལྷ་ས་ནས་སྤེལ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-12-10

བོད་ལྗོངས་འབྲིང་ཆུང་སློབ་མའི་མཁའ་གྲུ་བཟོ་བཀོད་འགྲན་བསྡུར་ལྷ་ས་ནས་སྤེལ།
བྱ་དགའ་གནང་བཞོན་པ།

         ཉེ་སྔོན། བོད་ལྗོངས་འབྲིང་ཆུང་སློབ་མའི་མཁའ་གྲུ་བཟོ་བཀོད་འགྲན་བསྡུར་ལྷ་སའི་མཐོ་རིམ་སློབ་འབྲིང་གཉིས་པའི་ལུས་རྩལ་ཁང་དུ་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང22ཀྱི་སློབ་མ44འགྲན་བསྡུར་རྣམ་གྲངས8དུ་ཞུགས་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་གྱི་དམིགས་བྱ་གཙོ་བོ་ནི་མཁའ་བསྐྱོད་རྒྱུན་ཤེས་བསླབ་གཞི་ལས་སློབ་མ་རྣམས་ཀྱིས་ལོ་ངོ་བརྒྱ་ལྷག་ཉེ་བའི་མཁའ་གྲྭའི་འཕེལ་རྒྱས་དང་། རིགས་དབྱེ། མཁའ་གྲུ་བཟོ་སྟངས་སོགས་རྒྱུས་ལོན་བྱེད་རྒྱུ་དང་། མཁའ་གྲུའི་དཔེ་གཟུགས་བཟོ་བར་བརྟེན་ནས་སློབ་གྲོགས་རྣམས་ཀྱིས་དངོས་ཡོད་ཆེད་དོན་ཞིབ་འཇུག་གི་བསམ་གཞིག་དང་ལག་ལེན་ནུས་ཤུགས་མཐོར་འདེགས་བྱེད་པ། མཁའ་བསྐྱོད་ཀྱི་ལོ་རྒྱུས་ཡིག་ཆ་དང་ཕུན་སུམ་ཚོགས་པའི་མཁའ་གྲུའི་དངོས་གཟུགས་དང་དཔེ་དབྱིབས་སོགས་ལ་སློབ་མས་དངོས་མྱོང་བྱེད་པར་མ་ཟད། མཁའ་བསྐྱོད་ཆེད་མཁས་པ་དང་ཐད་ཀར་འབྲེལ་འདྲིས་སོགས་བྱེད་ལ། འདི་ལྟ་བུའི་བྱ་འགུལ་བརྒྱུད་དེ་བོད་ལྗོངས་ན་གཞོན་པ་རྣམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་ཕན་ལྡན་སྒོས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཐོབ་པ་རེད།

བོད་ལྗོངས་འབྲིང་ཆུང་སློབ་མའི་མཁའ་གྲུ་བཟོ་བཀོད་འགྲན་བསྡུར་ལྷ་ས་ནས་སྤེལ།
སློབ་མས་བཟོས་པའི་མཁའ་གྲུའི་དཔེ་གཟུགས།

         རྒྱུས་ལོན་བྱུང་བ་ལྟར་ན། བཟུང་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང22ཀྱི་སློབ་མ1000ལྷག་གིས་མཁའ་གྲུའི་བསླབ་གཞི་དང་དཔེ་གཟུགས་འགྲེམ་སྤེལ་རྩ་འཛུགས་དང་། དགེ་རྒན་གསོ་སྦྱོང་། མཁའ་གྲུའི་དཔེ་གཟུགས་བཟོ་བཀོད། སློབ་གྲྭ་རིམ་པའི་མཁའ་གྲུའི་དཔེ་གཟུགས་ཀྱི་ཐོག་མའི་འགྲན་བསྡུར་སོགས་བྱ་འགུལ་སྐབས་རིམ་ལྔ་སྤེལ་བ་དང་། བྱ་འགུལ་མཇུག་སྒྲིལ་རྗེས། བྱ་དགའ་ཐོབ་པའི་འགྲན་ཞུགས་པ་རྣམས་ལ་རྟགས་མ་གནང་བ་རེད།


 

  • ལེ་ཚན་སྔོན་མ།:《ལྔ་རིག་གི་ལང་ཚོ》སྤེལ་ནས་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་དང་འབྲེལ་བའི་བོད་རིག་པའི་བགྲོ་གླེང་།
  • ལེ་ཚན་རྗེས་མ།:ལིན་ཅེ་ཧྭ་ཡིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣར་མཇའ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།