བོད་ལྗོངས་འཕྲིན་དྲ། 2012-12-04
མི་ཚོགས་ཀྱིས་ཁེངས་པའི་སྐབས་སོ་གཉིས་པའི་ཡར་ཀླུང་ཚོང་འདུས། ཝང་འཇིན/པར་ལེན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས1ཉིན། ལོ་གཅིག་དུས་གཅིག་གི་ལྷོ་ཁའི་ཡར་ཀླུང་ཚོང་འདུས་སྒོ་འཚུགས་པ་རེད། ལྷོ་ཁའི་ཡར་ཀླུང་ཚོང་འདུས་ནི་ལྷོ་ཁ་ས་ཁུལ་གྱི་གཞི་རྒྱ་ཆེ་ཤོས་དང་རྣམ་པ་ཕུན་སུམ་ཚོགས་ཤོས། ལོ་རྒྱུས་རིང་ཤོས་བཅས་ལྡན་པའི་སྲོལ་རྒྱུན་གྱི་འདུ་འཛོམས་རྒྱས་ཤོས་ཤིག་རེད། སྤྱི་ལོ1981ལོ་ནས་བཟུང་ཐེངས32གཉེར་བ་དང་ལོ་ངོ31ཀྱི་འཕེལ་རྒྱས་ཁྲོད་ཚོང་འདུས་དེ་ཉིད་ནི། ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་ཁུལ་གྱི་དངོས་ཟོག་བརྗེ་རེས་དང་དཔལ་འབྱོར་འཕེལ་རྒྱས། རིག་གནས་སྤེལ་རེས་སོགས་ཀྱི་གལ་ཆེའི་ཐབས་ལམ་ཞིག་དང་། ཞིང་འབྲོག་ཁུལ་འཕེལ་རྒྱས་དང་དཔལ་འབྱོར་དར་རྒྱས། ཞིང་འབྲོག་མི་དམངས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་ཀྱི་གལ་ཆེའི་ཐབས་ལམ་ཞིག་ཡིན་པ་རེད།
རག་རྩིས་བརྒྱབ་པར་གཞིགས་ན། ཐེངས་འདིའི་ལྷོ་ཁའི་ཡར་ཀླུང་ཚོང་འདུས་ལ་ཞུགས་མཁན་ཚོང་གཉེར་དུད་ཁྱིམ4745ཟིན་པ་དང་། དེའི་ཁྲོད་རང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)དང་རྫོང་ཁག་གི་ཚོང་གཉེར་བ་མང་པོ་སླེབས་ཡོད་པ་མ་ཟད། མཚོ་སྔོན་དང་ཀན་སུའུ། ཟན་ཤིའི། སི་ཁྲོན་སོགས་ཀྱི་ཚོང་གཉེར་བ་ཡང་ཚོང་འདུས་ལ་སླེབས་ཡོད། ཚོང་ཟོག་གི་རྣམ་གྲངས་ཡང་ཁྱིམ་སྤྱོད་གློག་ཆས་དང་ཞིང་ལས་ཡོ་ཆས། དེ་མིན་ས་གནས་སོ་སོའི་ཐོན་ཁུངས་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དེའི་སྤྱིའི་རིན་ཐང་སྒོར་ཁྲི་ཚོ3440.56ལྷག་ཙམ་ཟིན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10