མཚོ་སྔོན་པོ་དྲ་བ། 2012-12-03
རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་
དོན་ཨུ་ཡོན་ལྷན་ཚོགས་པེ་ཅིང་དུ་བསྡུས།
ཟླ11ཚེས28ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ཡིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཚོགས་སྐབས་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་ཚོགས།
དེར་བོད་ལྗོངས་དང་། ཀན་སུའུ། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ལྗོངས་དང་ཞིང་ཆེན་ལྔ། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་ལས་མཁས་པ་སོགས་བསྡོམས་པས་མི50ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ལ། ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་ལྗོངས་དང་ཞིང་ཆེན་ཁག་གི་བོད་ཡིག་བརྡ་ཆད་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཐད་བགྲོ་གླེང་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10