མཚོ་སྔོན་པོ་དྲ་བ། 2012-12-03
སྙན་ངག་གི་ཚོར་བས་བཟི་བའི་མདོ་འཛིན་པའི་ཉམས་འགྱུར།
རྒྱལ་ཁའི་འཛུམ་ཆུང་དམུལ་བའི་གཏམ་བཤད་ཀྱི་དཔའ་མོ། ཏཱ་རེ།
ཉེ་སྔོན། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་ལོ་རིམ་གྱི་ཁ་བྱང་གཅིག་པའི་གཏམ་བཤད་འགྲན་བསྡུར་སྤེལ་ཞིང་གཏམ་བཤད་འདིར་བསྡོམས་པས་སྨྲ་ལྕེ་རྣོ་ཞིང་སྤྱང་གྲུང་འཛོམས་པའི་སློབ་མ12ཞུགས་ཡོད། གཏམ་བཤད་འདི་ནི་རྣམ་དཔྱོད་བཀྲ་ཞིང་རིག་གནས་ལ་དུངས་པ་ཟབ་པའི་སློབ་བུ་ཁྲག་སྙུག་དང་ཆོས་འདུག་གཉིས་ཀྱིས་སློབ་མ་དག་གི་སྨྲ་ལྕེ་ལ་སྦྱོང་བརྡར་དང་སྤོབས་པའི་མེ་ཁ་གསོ་བ། རང་ནུས་འདོན་སྤེལ་བྱེད་པའི་ཆེད་དུ་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཏེ་སྤེལ་བའི་སྟེགས་བུ་ཆུང་ཆུང་ཞིག་ཡིན།
ཚོར་བ་དང་སྤོབས་པའི་མེ་རུ་འཕྱུར་བའི་ན་ཟླ་ཟུང་།
ཉམས་མྱོང་དང་ཡིད་ཆེས་ཀྱིས་སྦར་བའི་སློབ་བུ་གསུམ།
གར་སྟེགས་འདིར་ཐུན་མིན་གྱི་གཟི་དཔལ་གསར་བ་ཞིག་བསྣན་སོང་ཅེས་དགེ་སློབ་ཀུན་གྱིས་གདེང་འཇོག་བྱས་ལ། གཙོ་བོ་ཕུགས་བསམ་ཁྲོད་ཀྱི་ལམ་བུ་ཞེས་པའི་ཁ་བྱང་འདི་འཇོག་དོན་ནི་མཐོ་གསུམ་ལོ་རིམ་མི་འགྱངས་པར་མཐོ་རྒྱུགས་ཀྱི་གཡུལ་སར་ཞུགས་ཏེ་གཡུལ་ས་ལས་རྒྱལ་དགོས་པས་དུས་ད་ལྟ་ནས་མཐོ་རྒྱུགས་ཀྱི་ཁ་ཕྱོགས་རེ་གླེང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་དོན་ཆེན་ཞིག་ཏུ་བསམ་པ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10