མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱས་པ།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-30
བསྟུན་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་རྣམ་པ་སྣ་ཚོགས་དང་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པས་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་མྱུར་དུ་བསླངས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལང་ལོང་སྒོས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་རང་གི་བྱ་བ་དང་ཟུང་དུ་འབྲེལ་ཏེ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་སྒུལ་ཤུགས་སུ་བརྩིས་ནས་ཡིད་ཆེས་སྔར་ལས་ཇེ་བརྟན་དང་འབད་པ་སྔར་ལས་ཆེར་སྐྱེད། སྤྲོ་སེམས་སྔར་ལས་ཇེ་རྒྱས་ཀྱིས་གསར་བ་གཉིས་དང་ས་ཁུལ་གསུམ་གྱི་འཛུགས་སྐྲུན་ལ་ཡར་སྐུལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་རྒྱུའི་བསམ་ཚུལ་བསྟན།