མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-30
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཨུག་དབྱང་སུང་གིས་སྙན་ཞུ་ཕུལ་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་བཅོས་སྒྱུར་དང་སྒོ་འབྱེད་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་བཀོད་སྒྲིག་འགངས་ཆེན་དང་བྱེད་ཐབས་གལ་ཆེན་བཅས་ཆ་ཚང་བའི་སྒོ་ནས་སྒྲོག་འགྲེལ་བྱས་པ་དང་། ཏང་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ལས་འགན་དང་རེ་བ་རྒྱས་འགྲེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་པེ་ཅིན་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས་རྗེས། ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་ལ་སོང་ནས་སྒྲོག་འགྲེལ་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10