ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་སྐབས་གཉིས་པའི་ཚོགས་ཐེངས་དགུ་བ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-11-29

ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་སྐབས་གཉིས་པའི་ཚོགས་ཐེངས་དགུ་བ།
བོད་རྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་
ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དགུ་བ།

         ཟླ11པའི་ཚེས27ཉིན། བོད་རྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དགུ་བ་པེ་ཅིང་དུ་ཚོགས་ཤིང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་མཁའ་འགྲོ་ཐུབ་བསྟན་མཁས་གྲུབ་ཀྱིས་གྲོས་ཚོགས་ལ་མདོ་འཛིན་མཛད།
         ཐེངས་འདིའི་གྲོས་ཚོགས་སྟེང་སྐབས་བརྒྱད་པའི་བོད་རྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་རྒྱུགས་ལེན་དང་ཡོན་གནས་གནང་བའི་འབྲེལ་ཡོད་ཡིག་ཆ་དང་ཞིབ་ཕྲའི་བྱ་བར་དཔྱད་ཞིབ་དང་ཞིབ་འཇུག་བྱས།
         རྒྱུས་ལོན་བྱུང་བ་ལྟར་ན། བོད་རྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་གནང་བའི་མཛད་སྒོ་ཟླ12པའི་ཚེས4ཉིན་སྤེལ་རྒྱུ་ཡིན་ཞིང་། དེ་དུས་མཐོ་རིམ་ཡོན་གནས་རྩོད་གླེང་རྒྱུགས་ལེན་དང་། དཔྱད་རྩོམ་བགྲོ་གླེང་།  ཡོན་གནས་གནང་བ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད

  • ལེ་ཚན་སྔོན་མ།:ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཐག་འཐེན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་གྱི་སྙན་ཞུ་ཚོགས་འདུ་ཐོག་མ
  • དོ་སྣང་ཆེ་བའི་རྩོམ།