མཚོ་སྔོན་པོ་དྲ་བ། 2012-11-29
ཧྲིག་ཧྲིག་མིག་གིས་མཇུག་མཐའི་རྒྱལ་ཁར་སྙེག
དགུན་ཟླའི་གྲང་ངར་རིམ་གྱིས་སླེབས་པ་དང་མཉམ་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དགེ་སློབ་ཀུན་གྱི་སློབ་གསེང་དུས་ཚོད་སྤྲོ་སྣང་ཅན་དང་སློབ་བུའི་མཐུན་སྒྲིལ་དང་ཧུར་བསྐྱེད་ཀྱི་ནུས་པ་སྔོག་འདོན། ལུས་ཕུང་བདེ་ཐང་བཅས་ཀྱི་ཆེད་དུ། སློབ་གྲྭའི་ལོ་རེའི་དགུན་ཟླའི་ཐག་འཐེན་འགྲན་བསྡུར་དེ་ཟླ་འདིའི་ཚེས22ནས23བར་གྱི་ཉིན་གུང་དང་སློབ་ཕྱིའི་བྱ་འགུལ་གྱི་དུས་ཚོད་དག་བེད་སྤྱད་ནས་ལོ་རིམ་སོ་སོའི་མཐོ་དམའ་ལྟར་དུ་རིམ་པར་སྤེལ།
སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུག་པའི་དགེ་བཟོ་བའི་དཔུང་ཁག་ཅིག
ཐེངས་འདིའི་འགྲན་བསྡུར་ལ་དགེ་བཟོ་བའི་འགྲན་བསྡུར་དང་སློབ་མའི་འགྲན་བསྡུར་བཅས་རིམ་པ་ཆེན་པོ་གཉིས་བགར་ཡོད་ཅིང་། བྱེ་བྲག་ཏུ་དགེ་བཟོ་བའི་འགྲན་བསྡུར་ལ་མཚོན་ན་ལོ་རིམ་ཚན་ཁག་སྐོར་གཅིག་བྱས་ཏེ་ཕོ་མོ་བསྲེས་སྡེབ་ཀྱིས་རུ་ཁག་བརྒྱད་ཙམ་བསྒྲིགས་པ་དང་། སློབ་མའི་རུ་ཁག་ལ་མཚོན་ན་འཛིན་གྲྭ་རེ་རུ་ཁག་བྱས་ནས།འཁོར་བསྐྱོད་འགྲན་བསྡུར་རང་བཞིན་གྱིས་རེ་རེ་བཞིན་དུ་སྤེལ། ཉིན་གཉིས་རིང་གི་ཐག་འཐེན་འགྲན་བསྡུར་བསྟུད་མར་སྤེལ་བ་བརྒྱུད། དགེ་ལས་བཟོ་བའི་རུ་ཁག་ལས་ལོ་རིམ་བཞི་བའི་དགེ་རྒན་ཚན་ཆུང་གིས་དགེ་ལས་བཟོ་བའི་རུ་ཁག་ལས་ཨང་དང་བོ་བླངས་པ་དང་། ལོ་རིམ་བརྒྱད་པའི་རུ་ཁག་གིས་ཨང་གཉིས་པ་དང་འཚོ་བའི་ཞབས་ཞུ་སྡེ་ཁག་གིས་ཨང་གསུམ་བཅས་བླངས་པ་རེད།
སློབ་བུ་རྣམས་ཀྱི་འབོད་ཚིག་སྙན་མོས་ཁོ་ཚོར་སྔ་ན་
མེད་པའི་ངར་ཤུགས་གསར་བ་ཞིག་བསྣན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10