ལིས་ཁི་ཆཱང་གིས་ཨ་མེ་རི་ཁའི་ཁེ་ལས་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2012-11-29


 

ལིས་ཁི་ཆཱང་གིས་ཨ་མེ་རི་ཁའི་ཁེ་ལས་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་གཉེར་ལས་རིགས་ཀྱི་མགོ་ཁྲིད་པའི་མཉམ་ལས་འཆར་གཞིའི་ལོ་གཅིག་གི་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་ཁེ་ལས་གྲགས་ཅན་དང་དངུལ་རྩའི་ལས་ཁུངས་ཀྱི་འགན་འཁུར་པར་མཇལ་འཕྲད་གནང་།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་གཉེར་ལས་རིགས་ཀྱི་མགོ་ཁྲིད་པའི་མཉམ་ལས་འཆར་གཞིའི་ལོ་གཅིག་གི་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་ཁེ་ལས་གྲགས་ཅན་དང་དངུལ་རྩའི་ལས་ཁུངས་ཀྱི་འགན་འཁུར་པར་མཇལ་འཕྲད་གནང་།

ལིས་ཁི་ཆཱང་གིས་ལོ་བཞི་བཅུའི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁས་ཕན་ཚུན་བར་འབྲེལ་འདྲིས་མེད་པ་ནས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པའི་ཕྱོགས་སུ་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཕན་ཚུན་ལ་མི་བརྟེན་པ་ནས་མཉམ་ལས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཁེ་བཟང་ཧ་ཅང་མང་པོ་བསྐྲུན། ད་ལྟ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུར་བར་དཀའ་ཚེགས་ཆེ་མོད། འོན་ཀྱང་ཀྲུང་གོ་དང་ཨ་མེ་རི་ཁའི་ཉོ་ཚོང་དེ་དཀའ་བ་གདོང་གིས་བསུས་ཏེ་གོང་དུ་འཕེལ་བ་དང་། ཕན་ཚུན་བར་གྱི་དངུལ་གཏོང་ཡང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཕུང་བོ་དེས། རང་ཉིད་ཀྱི་དོན་དག་ལེགས་པོར་བསྒྲུབས་ལ། ཕན་ཚུན་གྱི་ཡིད་ཆེས་ཇེ་དྲག་ཏུ་ཕྱིན་པ་དང་། འཛམ་གླིང་གི་དཔལ་འབྱོར་ལ་མཚོན་ནའང་ཁེ་བཟང་ཆེན་པོ་ཞིག་བསྐྲུན་པ་དེ་རེད་ཅེས་གསུངས།

ལིས་ཁི་ཆཱང་གིས་ཀྲུང་གོས་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་གོང་དུ་སྤེལ་བར་འབད་བརྩོན་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་འབྱུང་བར་ཡར་སྐུལ། ཕྱི་ལ་སྒོ་འབྱེད་ཚད་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན་ལ། རེ་བ་ལ་ཨ་མེ་རི་ཁའི་ཁེ་ལས་པས་རྒྱང་རིང་བསམ་པ་དང་། ཤུགས་རྐྱེན་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བ་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཇེ་ཟབ་ཏུ་གཏོང་བའི་བྱ་བ་མང་ཙམ་སྒྲུབ་དགོས་པ་དེ་ཡིན་ཞེས་གསུངས།

  • ལེ་ཚན་སྔོན་མ།:ཅ་ཆིན་ལིན་གྱིས་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཐག་འཐེན་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།