ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-29
ས་དེའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་རོ་མཱ་ནས་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཐེ་ཨར་ཆི་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ས་དེའི་ཚེས་ཉེར་བདུན་ཉིན་རོ་མཱ་ནས་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཐེ་ཨར་ཆི་ལ་མཇལ་འཕྲད་གནང་།
ཅ་ཆིན་ལིན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་ཡུན་རིང་བོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་རང་སོ་སོའི་ཁྱད་ཆོས་དང་ཁྱད་སྟོབས་ཀྱི་ཁ་གསབ་ལྡན་པས། ཚང་མ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབ་ཡོད་པ་དང་མཉམ་ལས་ཀྱི་འགུག་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་བཅངས་ཏེ། ཆབ་སྲིད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཐེ་ཨར་ཆི་ཡིས་བསྟན་དོན། ཕན་ཚུན་ལ་བརྩི་འཇོག་དང་རྒྱུས་ལོན། མཛའ་མཐུན་བཅས་ནི་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ་ཕྱོགས་གཉིས་ཀྱིས་དགོངས་དོན་འདི་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སོང་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་མུ་མཐུད་དུ་སྲུང་འཛིན་བྱེད་འདོད་ཡོད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10