སྐུ་འབུམ་དགོན་པ་དེ་རྒྱལ་ཁབ5Aརིམ་པའི་མཛེས་ལྗོངས་ཁུལ་ནང་ཚུད་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།        2012-11-29

ཟླ11པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ལ་སྐར959ཐོབ་ནས་བདེ་བླག་ངང་རྒྱལ་ཁབ5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་དཔྱད་འདེམས་ཚད་ལེན་ཐོབ་པ་དང་། རྒྱལ་ཁབ་གནས་སྐོར་ཅུའུ་ནས5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་བྱིན། འདི་ནི་ན་ནིང་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དེ་བདེ་བླག་ངང་རྒྱལ་ཁབ5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་རྗེས་སུ། རྒྱལ་ཁབ་གནས་སྐོར་གྱི་ཆེས་མཐོ་བའི་རིམ་གྲས་སུ་སླེབས་པའི་མཛེས་ལྗོངས་ཁུལ་གཉིས་པ་ཡིན།

ཐེངས་འདིར་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་དེ་བདེ་བླག་ངང5Aརིམ་པར་བདམས་པ་དེས་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་གྱི་རང་སྟེང་གི་འཕེལ་རྒྱས་དེ་དུས་རིམ་གསར་བ་ཞིག་ཏུ་བསྙེགས་པ་མཚོན་པ་མ་ཟད། མཚོ་སྔོན་གྱི་རིམ་པ་མཐོ་བའི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་འཕེལ་རྒྱས་ལ་ཐོལ་བརྒལ་གསར་བ་བྱུང་བ་དང་། མཚོ་སྔོན་གྱི་གནས་སྐོར་དེ“ལྔ་བཅུ་གཉིས་པའི”ནང་ལྡབ་འགྱུར་གྱིས་འཕེལ་རྒྱས་འབྱུང་བའི་འཆར་འགོད་ལ་སྐུལ་འདེད་ཐོབ་པ་མཚོན་ཞིང་། སྔར་ལས་ལྷག་པའི་སྒོ་ནས“རབ་མཛེས་མཚོ་སྔོན”གྱི་གནས་སྐོར་ཆས་རྟགས་གསར་འཛུགས་བྱེད་པར་དོན་སྙིང་གལ་ཆེན་ལྡན། 

  • ལེ་ཚན་སྔོན་མ།:ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤེལ།
  • ལེ་ཚན་རྗེས་མ།:ཅ་ཆིན་ལིན་གྱིས་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།