ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་མགོ་འཛིན་མཛད་པ།

ཀླུ་འབུམ་བྱམས།        2012-11-30

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེ
ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་མགོ་འཛིན་མཛད།
 

ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་མགོ་འཛིན་མཛད།
ཚོགས་ཐོག་ནས། འཕྲོད་སྟེན་པུའུ་སོགས་འབྲེལ་ཡོད་སྡེ་ཁག་དང་ས་གནས་སྲིད་གཞུང་གི་འགན་འཁུར་པས་གཏམ་བཤད། ཚོགས་ཐོག་ནས་འདས་པའི་ལོ་ལྔའི་རིང་། རང་རྒྱལ་གྱི་ཨེ་ཙི་ནན་ཡམས་མྱུར་དུ་ཁྱབ་པའི་གནས་ཚུལ་ཚོད་འཛིན་བྱས་ཏེ། གསོ་བཅོས་དང་ལེན་བྱེད་པའི་ནད་པ་ཤི་ཚད་ཕྱེད་ཙམ་ཇེ་ཉུང་དུ་སོང་། ཨེ་ཙི་ནད་ཡམས་དེ་མ་ནས་བུ་ལ་བགོས་ཚད2007ལོའི་བརྒྱ་ཆའི་སོ་བཞི་ལྷག་ནས་ད་ལྟ་བརྒྱ་ཆའི་བདུན་ལྷག་ཏུ་ཇེ་ཉུང་ལ་སོང་བ་དང་མཉམ་དུ། ཨེ་ཙི་ནད་འགོག་འཅོས་བྱེད་པར་འགྲན་རྩོད་གསར་བ་མང་པོར་འཕྲད་སྲིད་པ་དང་། དེ་ལ་ཁ་གཏད་འཇལ་བའི་དཀའ་ཚེགས་ཇེ་ཆེ་དང་། གནས་བབ་སྔར་ལས་ཛ་དྲག་ཡིན་པར་འདོད།
ལིས་ཁི་ཆང་གིས་ཨེ་ཙི་ནད་ནི་སྔར་བཞིན་ཡོངས་སུ་བཅོས་དཀའ་བའི་གསོ་རིག་གི་དཀའ་གནད་ཅིག་ཡིན་པས། མང་ཚོགས་ཀྱི་སེམས་སུ་ཤུགས་རྐྱེན་ཧ་ཅང་ཆེ། ཨེ་ཙི་ནད་འགོག་བཅོས་བྱེད་པ་དེ་གསོ་བཅོས་ཀྱི་གནད་དོན་ཞིག་ཡིན་པ་ལས་གཞན། སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཨེ་ཙི་ནད་འགོག་པ་རྒྱུན་སྐྱོང་བའི་བྱ་བ་ལེགས་པོར་སྒྲུབ་རྒྱུ་དེ། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བསྟན།
ལིས་ཁི་ཆང་གིས་ཨེ་ཙི་ནད་འགོག་བཅོས་བྱེད་ན་ངེས་པར་དུ་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དོན་དག་ལེགས་པོར་སྒྲུབ་རྒྱུ་ནི། སྤྱི་ཚོགས་སྒྲིག་སྲོལ་ལམ་ལུགས་བཅོས་སྒྱུར་བྱེད་པར་ཡར་སྐུལ་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དགོས་ངེས་ཀྱི་རེ་བ་ཡིན་པས། དགེ་མཚན་ལྡན་པའི་ནང་རྐྱེན་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་ནས། མ་དངུལ་དང་ལག་རྩལ་སོགས་ཀྱི་ཕྱོགས་ནས་སྤྱི་ཚོགས་རྩ་འཛུགས་ལ་རོགས་སྐྱོར་བྱེད་པ་དང་། ཨེ་ཙི་ནད་འགོག་བཅོས་ཐེབས་རྩ་འཛུགས་པར་ཞིབ་འཇུག་དང་། ཕྱོགས་མང་པོ་ནས་མ་དངུལ་གྱིས་རོགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མ
  • ལེ་ཚན་རྗེས་མ།:《གངས་རིའི་བརྩེ་མདངས》ཞེས་པ་ཀྲུང་གོའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་དཔེ་ཚོགས་སུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།