རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་སྤྱི་ཚོགས་རྒན་གསོ་ཉེན་འགོག་ནང་ཞུགས་པའི་མི་གྲངས་དུང་ཕྱུར4.59ལ་སླེབས།

        2012-11-27

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།  མི་ཤུགས་ཐོན་ཁུངས་པུའུ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བ11པའི་ཚེས13ཉིན་ཆ་འཕྲིན་བསྒྲགས་པར།  ད་ལོའི་ཟླ་བ10པའི་ཟླ་མཇུག་ཏུ་སླེབས་དུས་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་རྒན་གསོ་ཉེན་འགོག་ནང་ཞུགས་པའི་མི་གྲངས་དུང་ཕྱུར4.59ལ་སླེབས་ཡོད་ཅིང་།  དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རྒན་པ་དུང་ཕྱུར1.25ཡིས་རྒན་གསོ་མ་དངུལ་ལོན་ཐུབ་ཡོད།     2009ལོའི་ལོ་སྟོད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྣམ་པ་གསར་པའི་སྤྱི་ཚོགས་ཀྱི་རྒན་གསོ་ཉེན་འགོག་གི་ཚོད་ལྟ་ལས་ཀ་སྤེལ་རྒྱུའི་གྲོས་ཐག་བཅད་ཡོད་ཅིང་། 2011ལོར་གྲོང་རྡལ་ཡུལ་མིའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གི་ཚོད་ལྟ་ལས་ཀ་སྤེལ་འགོ་བཙུགས་ཡོད།  ད་ལོའི་ལོ་སྟོད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་གྲོང་ཚོ་ཀུན་ཏུ་རྣམ་པ་གསར་པའི་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་དང་གྲོང་རྡལ་ཡུལ་མིའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གི་ལས་ཀ་ཡོངས་སུ་ཁྱབ་རྒྱུའི་གྲོས་ཐག་བཅད་ཡོད།  ལོ་བཅུའི་ནང་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་སྤྱི་ཚོགས་ཉེན་འགོག་རྒན་གསོ་ནང་ཞུགས་པའི་མི་གྲངས་ལོ་རེ་ལས་ལོ་རེར་མང་དུ་ཕྱིན་ནས་དེ་བས་མང་པོའི་མི་སྣར་རྒན་གསོ་ཉེན་འགོག་གིས་ཁྱེར་ཡོང་བའི་ཕན་ནུས་རག་ཡོད།    ལོ་བཅུའི་རིང་རང་རྒྱལ་གྱི་གྲོང་རྡལ་ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོ་ཉེན་འགོག་ནང་ཞུགས་པའི་མི་གྲངས་ལོ་རེ་ལས་ལོ་རེར་མང་དུ་ཕྱིན་པ།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་གློག་དྲའི་ཡུལ་ཤུལ་དྲ་སྦྲེལ་ལས་གྲྭའི་ཆེས་མཐོ་བའི་གློག་གི་ལྕགས་སྒྲོམ་ཚན་པ་བཞེངས།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་མཚོ་སྐྱིད་ཀྱིས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།