རྒྱལ་ཁབ་གློག་དྲའི་ཡུལ་ཤུལ་དྲ་སྦྲེལ་ལས་གྲྭའི་ཆེས་མཐོ་བའི་གློག་གི་ལྕགས་སྒྲོམ་ཚན་པ་བཞེངས།

གངས་སྐྱིད་ཀྱིས་བསྒྱུར།        2012-11-27

ཟླ་བ11པའི་ཚེས6ཉིན། རྒྱལ་ཁབ་གློག་དྲའི་བར་སྣང་གི་ལས་བྱེད་མི་སྣས་པ་ཡན་ཁ་ལ་རི་བོའི་ཉ་གར་རྒྱལ་ཁབ་གློག་དྲའི་ཡུལ་ཤུལ་གློག་དྲ་དང་མཚོ་སྔོན་དྲ་གཙོ་སྟོང་ཝ330ཡི་དྲ་སྦྲེལ་ལས་གྲྭའི་ཨང1237པའི་གློག་གི་ལྕགས་སྒྲོམ་ཐོག་ཆེས་མཐའ་མའི་ལྕགས་སྒྲོམ་རྒྱུ་ཆ་སྒྲིག་སྦྱོར་བྱས་པ་རེད། འདི་ནི་ལས་གྲྭ་ཡོངས་ཀྱི་རྒྱ་མཚོའི་ངོས་ནས་ཆེས་མཐོ་བའི་རྨང་འདིང་ལྕགས་སྒྲོམ་ཞིག་ཡིན། ལྕགས་སྒྲོམ་འདི་ལེགས་བཞེངས་བྱས་པ་དེས་གློག་དྲ་ཆེན་པོ་དེས་དུས་ཡུན་མི་རིང་བར་ཡུལ་ཤུལ་ས་ཁུལ་དུ་འོད་གསལ་བསྐྱལ་བར་མཚོན་ཐུབ།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲའི་ཡུལ་ཤུལ་གློག་དྲ་དེ་སྟོང་ཝ750ཅན་གྱི་ཉི་ཟླ་རི་བོའི་གློག་བསྒྱུར་ས་ཚུགས་ནས་འགོ་བཙུགས་པ་ཡིན་ཞིང་ཡུལ་ཤུལ་གྱི་སྟོང་ཝ330ཡིན་པའི་གློག་བསྒྱུར་ས་ཚུགས་སུ་མཇུག་བསྒྲིལ། གློག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ803ཡོད་ཅིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3200ནས་སྨི5000བར་ཡིན། ལས་གྲྭ་དེ2012ལོའི་ཟླ་བ6པའི་ཚེས6ཉིན་ལ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང། 2013ལོའི་ཟླ་བ6པའི་ཟླ་མཇུག་ཏུ་ལེགས་གྲུབ་བྱུང་ནས་འཁོར་སྐྱོད་བྱེད་འགོ་འཛུགས་པའི་འཆར་གཞི་བཞག་པ་རེད།     
  • ལེ་ཚན་སྔོན་མ།:ཀན་སུའུ་རུ་ཐང་ག་ནི་སློབ་གྲྭའི་སྒྱུ་རྩལ་ཆེད་ལས་སུ་རྒྱུགས་ལེན་ཆོག་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་སྤྱི་ཚོགས་རྒན་གསོ་ཉེན་འགོག་ནང་ཞུགས་པའི་མི་གྲངས་དུང་ཕྱུ
  • དོ་སྣང་ཆེ་བའི་རྩོམ།