བོད་ལྗོངས་འཕྲིན་དྲ། 2012-11-28
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་མཚོ་སྐྱིད་ཀྱིས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲཌ་བྱེད་བཞིན་པ། པར་ལེན/ཀའོ་ཀོང་ཀྲུང་།
སྤྱི་ཟླ11པའི་ཚེས24ཉིན་ངེད་དྲ་བའི་གསར་འགོད་པས་བོད་ལྗོངས་གློག་ཤུགས་འབྲི་གུང་གློག་གཏོང་ཡན་ལག་ཀུང་སིའི་ཕུན་ཚོགས་གློག་ཁང་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་མཚོ་སྐྱིད་ལ་བཅའ་འདྲི་ཞུ་བར་སྐྱོད་པ་རེད། གསར་འགོད་པར་འཐུས་མི་མཚོ་སྐྱིད་མཐོང་སྐབས་ཁོང་ཕུན་ཚོགས་གློག་ཁང་གི་ཐོགས་སོ་གཉིས་པའི་ཚོགས་ཁང་ནང་ལས་རོགས་ཚོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།
སློབ་སྦྱོང་ཚོགས་འདུའི་ཐོག་མཚོ་སྐྱིད་ཀྱི་ངག་རྒྱུན་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་རྒྱལ་ནང་གི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྤྱི་ལོ2012ལོ་ལས་ལྡབ་གཅིག་འཕར་བ། དམངས་འཚོ་ལེགས་བཅོས་གཏོང་རྒྱུ་གཙོ་གནད་དུ་བཞག་སྟེ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། འཚོ་བའི་ཆུ་ཚད་དམའ་བའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སོགས་མི་སེར་དཀྱུས་མའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཁག་ལྷུག་པོར་ཐོན་ཡོང་གི་ཡོད།
གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་ད་རེས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་རྒྱུ་བྱུང་བ་དེ་ནི་ཚེ་གང་རིང་རྗེས་པར་དཀའ་བའི་རྒྱུད་རིམ་ཞིག་ཡིན། རང་ཉིད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིར་བདམས་ཐོན་བྱུང་བ་དེ་ནི་ང་མི་སྒེར་གྱི་གྲུབ་འབྲས་ཙམ་ཞིག་མིན་པར། ངས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ཚབ་མཚོན་འཐུས་མི་བྱས་ཏེ་ཕྱིན་པ་ཞིག་རེད། ང་ཚར་ལོང་ཡོང་བ་དེ་ཀུང་སིའི་གསོ་སྐྱོང་དང་ཁ་བྲལ་ཐབས་མེད་ལ། མཉམ་སྡེབ་དང་ལས་རོགས་ཚོའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། ད་རེས་པེ་ཅིན་དུ་ཚོགས་འདུར་ཞུགས་རྒྱུ་བྱུང་བ་དེར་སྤོབས་སེམས་ཆེན་པོ་སྐྱེད་ཀྱི་འདུག ངས་ད་ཐེངས་ཀྱི་ཚོགས་འདུའི་དགོང་དོན་བརྒྱུད་སྒྲགས་གང་ལེགས་བྱེད་པ་མ་ཟད། ཏང་གི་སྲིད་ཇུས་བཟང་པོ་དང་གཏམ་བཟང་ཚང་མ་ངའི་ལས་རོགས་ཚོར་ཤོད་འདོད་ཡོད་ཅེས་གསུངས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10