ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

        2012-11-26

ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

                               ཟླ11པའི་ཚེས19ནས་ཚེས23ཉིན་བར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ11པའི་ཚེས22ཉིན། ཝུའུ་པང་གོ་ཞི་དབྱང་རྫོང་གི་ཏ་ཀྲེ་སྡེ་བར་ཕེབས་ཏེ་སྡེ་དམངས་ཚོར་ཁམས་འདྲི་དང་།              ཚང་མའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བར་སྨོན་འདུ་ཞུ་བའི་ཚུལ་རེད།

ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

                                                                     འདི་ནི་ཟླ11པའི་ཚེས22ཉིན། ཝུའུ་པང་གོ་ཡིས་ཧྭ་ཐུང་དེང་རབས་ཅན་གྱི་ཚན་རྩལ་ཞིང་ལས་དཔེ་སྟོན་ར་བ་ནས་ལོ་ཏོག་གི་སྐྱེས་ཚུལ་ལ་གཟིགས་བཞིན་པའི་ཚུལ་རེད།

 ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

                                                    འདི་ནི་ཟླ11པའི་ཚེས22གཉིས་ཉིན། ཝུའུ་པང་གོ་ཞི་དབྱང་རྫོང་གི་ཏ་ཀྲེ་སྡེ་བར་ཕེབས་ཏེ་སྡེ་དམངས་ཚོར་ཁམས་འདྲི་དང་། ཚང་མའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བར་སྨོན་འདུན་ཞུ་བའི་ཚུལ་རེད།

ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

                                                           འདི་ནི་ཟླ11པའི་ཚེས23ཉིན། ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྣམས་ལ་ཁམས་འདྲི་བྱེད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཟླ11པའི་ཚེས19ཉིན་ནས་ཚེས23ཉིན་བར་སྔ་གཞུག་ཏུ་ཡོན་ཁྲིན་དང་ཐེ་ཡོན། ཅི་ཀྲུང་སོགས་ས་ཁུལ་ལ་ཕེབས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་ཐད་རྟོག་ཞིབ་མཛད། ཁོང་གིས་ཧྲན་ཞི་ཡི་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། ཧྲན་ཞི་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས། བསམ་བློ་བཅིངས་འགྲོལ་དང་། དཀའ་ངལ་ཁྱད་སེལ། བྱ་བ་ལེགས་པོར་སྒྲུབ་སྟེ། ཐོན་ཁུངས་མོད་པ་དང་ས་ཁུལ་གྱི་འཕེལ་སྟངས་བསྒྱུར་བའི་མཆོང་སྐྱོད་དང་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གསར་བར་བསྐྱོད་པར་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་བཏོན།

ཝུའུ་པང་གོ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་དེ་ལག་བསྟར་བྱེད་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་འགྱུར་བ་མེད་པར་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དམ་པོར་ཁོང་དུ་ཆུད་པར་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་སྤེལ་ཏེ། 2020ལོར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རླབས་ཆེན་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས། ཝུའུ་པང་གོ་ཆེད་དུ་ཧྲན་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་ཕེབས་ནས་ལས་ཁུངས་ཀྱི་ལས་བྱེད་མི་སྣར་ཁམས་འདྲི་བྱས། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་དང་། དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

  • ལེ་ཚན་སྔོན་མ།:སྐབས་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དབུ་ཚུགས་མཛད་སྒོ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཉི་མ་བཀྲ་ཤིས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།