སྐབས་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དབུ་ཚུགས་མཛད་སྒོ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-11-26

སྐབས་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དབུ་ཚུགས་མཛད་སྒོ།
སྐབས་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་
ཟབ་སྦྱོང་འཛིན་གྲྭ་དབུ་ཚུགས་མཛད་སྒོ།

         ཟླ11པའི་ཚེས19ཉིན་གྱི་སྔ་དྲོ།  པེ་ཅིང་བོད་སྨན་ཁང་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་སྒོས་སྤེལ་བའི་སྐབས་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དབུ་ཚུགས་མཛད་སྒོ་དེ་པེ་ཅིང་བོད་ལུགས་སྨན་ཁང་དུ་བསྡུས། བོད་རང་སྐྱོང་ལྗོངས་གསོ་རིག་སློབ་གླིང་གི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་དབང་འདུས་ལགས་ཀྱིས་ཁྲག་གཏར་དང་མེ་བཙའི་གསོ་ཐབས་ཞེས་པ་འཆད་ཁྲིད་བྱས་ཤིང་། རྒྱལ་ཡོངས་བོད་ཁུལ་ལྔའི་བོད་ལུགས་གསོ་རིག་ཆེད་མཁས་པ་དང་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་མ། དེ་མིན་པེ་ཅིང་བོད་ལུགས་གསོ་རིག་གླིང་གི་ཆེད་མཁས་པ་བཅས་བསྡོམས་པས་མི70ལྷག་ཐེངས་འདིའི་དབུ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། དུས་ཡུན་ཉིན་བཅུ་ལ་ཟབ་སྦྱོང་བྱས། 

སྐབས་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་དབུ་ཚུགས་མཛད་སྒོ།
ཚོགས་འདུའི་ཟུར་ཞིག

         པེ་ཅིང་བོད་ལུགས་སྨན་ཁང་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའི་ཀྲུང་ལུགས་གསོ་རིག་ཁྱད་ལྡན་རིག་ཚན་སློབ་གསོ་མུར་སྤེལ་གནས་གཞི་རུ་བདམས་རྗེས། བདེ་བླག་ངང་ཐེངས་གཉིས་ལ་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྤེལ་ཐུབ་པ་བྱུང་བ་དང་། བོད་ཁུལ་གྱི་བོད་ལུགས་གསོ་རིག་བྱ་སྒྲུབ་པ་དང་རྒྱལ་ཁབ་ཕྱི་ནང་དུ་ཁས་ལེན་ཐོབ།
         འདི་ལྟ་བུའི་བྱེད་སྒོ་སྤེལ་བར་བརྒྱུད། བོད་ལྗོངས་དང་བོད་ཁུལ་བཞིའི་ཤེས་ཡོན་མི་སྣ་དབར་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པའི་མྱུར་ཚད་ཇེ་མགྱོགས་དང་། བོད་ལུགས་གསོ་རིག་རྒྱུན་འཛིན་དང་དར་སྤེལ། གསར་གཏོད་བཅས་བྱེད་པར་ནུས་པ་ཆེན་པོ་ཐོན་པ་ཡིན།

 

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་ལ2012ལོའི་ཆེས་མཐོའིIFEAགཟེངས་རྟགས་ཐོབ།
  • ལེ་ཚན་རྗེས་མ།:ཝུའུ་པང་གོ་ཡིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།