བོད་ལྗོངས་འཕྲིན་དྲ། 2012-11-26
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། རང་ལྗོངས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། བོད་ལྗོངས་ཧུང་ཅིའི་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི། ལས་འཛིན་སྤྱི་འདོམས་ཉི་མ་བཀྲ་ཤིས་ཀྱིས་ཀུང་སིའི་ལས་བྱེད་ལས་བཟོའི་ཚོགས་ཆེན་བསྐོང་འཚོགས་བྱས་པ་དང་། ཐོན་སྐྱེད་ལས་ཡུལ་དུ་སྐྱོད་པ་སོགས་ཀྱི་འཐབ་ལམ་བརྒྱུད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལས་བྱེད་ལས་བཟོ་པར་བརྒྱུད་བསྒྲགས་བྱས་པ་རེད།
ཉི་མ་བཀྲ་ཤིས་ཀྱིས་ཀུང་སིའི་ལས་བྱེད་ལས་བཟོའི་ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། སྙན་ཞུའི་ནང་གི་བསམ་བློ་གསར་པ་དང་བྱ་ཐབས་གསར་པ་སོགས་ཀྱི་བསྐོར་ལ་ཡང་ཞིབ་ཕྲའི་རྒྱས་བཤད་གནང་ཡོད་པ་རེད།
གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཉི་མ་བཀྲ་ཤིས་ཀྱིས། རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཁྱབ་ཁོངས་ཀྱི་འཐུས་མི་གཅིག་པུ་དེ་ཡིན་པའི་ངོས་ནས། ངས་ངེས་པར་དུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཀུང་སིའི་ལས་བྱེད་ལས་བཟོའི་ཁྲོད་སློབ་སྦྱོང་དྲིལ་བསྒྲགས་དང་། ལག་བལྟར་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་མ་ཟད། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་སྐུལ་དེད་བཏང་ཐོག ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་རླབས་ཆེའི་དམིགས་ཚད་མངོན་འགྱུར་གྱི་བྱ་སྤྱོད་ནང་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10