གངས་ལྷ་མེ་ཏོག མཚོ་སྔོན་པོ་དྲ་བ། 2012-11-20
སྲོད་ཀྱི་དྲན་པ་ཞེས་པའི་བོད་བརྙན་གྱི་ཁྱབ་སྒྲོག་པར་རིས།
ཉེ་ལམ། ཨ་མདོའི་དམངས་ཁྲོད་ན་ཆེས་དགའ་བསུ་ཐོབ་པའི་ཁ་ཤགས་སྒྱུ་རྩལ་པ་དཔའ་ཁོས་གཙོ་འཁྲབ་བྱས་པའི་བོད་བརྙན་ཏེ་སྲོད་ཀྱི་དྲན་པ་ཞེས་པ་མི་འགྱངས་པར་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་འཆར་ཡོད་ཅིང་། གློག་བརྙན་འདིས་བོད་ཁམས་ན་ད་དུང་རྒྱུན་འབྱམས་སུ་ལྷག་པའི་སྲོལ་ངན་ཆེན་པོ་ཞིག་སྟེ། ཕ་མས་བུ་ཕྲུག་སློབ་གྲྭར་མི་སྐྱེལ་བའི་གཏམ་རྒྱུད་ཅིག་དང་འབྲེལ་ཐལ་ཆེ་བའི་བོད་ཀྱི་རྒྱན་ཆའི་སྐོར་ཡང་དྲང་ལྡོག་གཉིས་ནས་མཚོན་ཏེ་བརྗོད་སྙིང་དུ་བཟུང་ཡོད། གློག་བརྙན་འདི་ནི་གཞོན་སྐྱེས་རྩོམ་པ་པོ་གནམ་སྲས་རྒྱལ་གྱི་འཁྲབ་གཞུང་དང་། འཁྲབ་ཁྲིད་པ་ཨུ་རྒྱན་རྡོ་རྗེའི་ཆེས་ཐོག་མའི་བརྩམས་ཆོས་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10