ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-11-20
དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།
ཟླ11པའི་ཚེས16ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གིས་གདན་ཞུ་བྱས་པ་ལྟར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་རྙིང་བར་བོད་ཀྱི་རིག་གནས་འཆམ་མཐུན་རྒྱང་བཞུད་མུ་འབྲེལ་རིག་གཞུང་འཆད་ཁྲིད་ཆེན་མོ་ལས་འཆད་ཚན་ཉེར་དགུ་བ་སྟེ་དབུ་མ་རྩ་འགྲེལ་སྙིང་བོ་ཞེས་པ་འཆད་ཁྲིད་གནང་ཞིང་། དེར་སློབ་གྲྭ་ཕྱི་ནང་གི་དགེ་རྒན་དང་། འབུམ་རམས་པ། རབ་འབྱམས་པ། དངོས་གཞིའི་སློབ་མ། དེ་མིན་འབྲེལ་ཡོད་སྨྱན་བྱད་པ་སོགས་བསྡོམས་པས་མི200ལྷག་ཞུགས་ཏེ་གཟབ་ནན་སྒོས་ཐེངས་འདིའི་འཆད་ཁྲིད་ལ་ཉན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10