བོད་རང་སྐྱོང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ཞིང་འབྲོག་མི་གྲངས་ཁྲི་བདུན་ལྷག་ཙམ་སྡོད་ཁང་གསར་པའི་ནང་སྤོས་པ།

        2012-11-19

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། དཀའ་ངལ་ཡོད་པའི་ཞིང་འབྲོག་དུད་ཁྱིམ་ཁྲི2.2ཀྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ནང་ད་ལྟ་དུད་ཁྱིམ་ཁྲི1.4723འཛུགས་སྐྲུན་ལེགས་སྒྲུབ་བྱུང་ནས་དཀའ་ངལ་ཡོད་པའི་གྲོང་མི་ཁྲི7ལྷག་ཙམ་ཁང་པ་གསར་པའི་ནང་སྡོད་ཐུབ་པ་བྱུང་ཡོད་པ་རེད།    རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་དབང་སྟོབས་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་ནི། ལོ་ལྔ་ཚན་བཅུ་གཉིས་པའི་དམངས་འཚོའི་དབུལ་སྐྱོར་རྣམ་གྲངས་ཆེན་པོ་བརྒྱད་ཀྱི་གྲས་ཤིག་ཡིན་པ་དང་། དབུལ་སྐྱོར་རྣམ་གྲངས་ཆེན་པོ་བརྒྱད་ལ་ཁྱོན་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར40ལས་བརྒལ་ཡོད་པ་མ་ཟད། དབུལ་སྐྱོར་བདེ་སྡོད་དང་ཤང་གྲོང་ཀུན་ལ་ཁྱབ་པ། དུད་ཁྱིམ་མི་རེ་ངོ་རེར་རོགས་སྐྱོར་བྱེད་པ། ཐོན་སྐྱེད་གསར་སྤེལ། ནད་ཡམས་སྔོན་འགོག སྐྱེ་ཁམས་སྲུང་སྐྱོང་། ཟམ་པ་ལེགས་བཅོས། དེ་བཞིན་ལས་ཞུགས་གསོ་སྦྱོང་བཅས་ཀྱི་རྣམ་གྲངས་ཁག་དོན་འཁྱོལ་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།   །
  • ལེ་ཚན་སྔོན་མ།:ལོ་བཅུའི་རིང་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་མྱུར་པོ་ཕྱིན་ཡོད།
  • ལེ་ཚན་རྗེས་མ།:དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།