ལོ་བཅུའི་རིང་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་མྱུར་པོ་ཕྱིན་ཡོད།
བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས། 2012-11-19
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་སླད་ཕྱིན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་སྐོར་གླེང་སྐབས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་གོང་མཐོར་གཏོང་དགོས་ཞེས་བཏོན་ཡོད་པ་མ་ཟད་ཞིབ་ཕྲའི་བླང་བྱ་ཡང་བཏོན་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་མྱུར་པོ་ཕྱིན་པ་དེས། བློ་མཐུན་ཧུའུ་ཅིན་ཐའོ་ཡི་སྙན་སྒྲོན་ནང་བཏོན་པའི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་གོང་མཐོར་གཏོང་བའི་དམིགས་ཚད་བླང་བྱ་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་དང་། ཕྱིས་འབྱུང་། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུ་རེད། གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་ཡོད་པ་དང་། སྨན་ཡོན་མི་དགོས་པའི་སྨན་བཅོས་ཀྱི་རྨང་གཞི་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ་དང་། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚང་མར་སྨན་ཡོན་མི་དགོས་པའི་སྨན་བཅོས་ལམ་ལུགས་ཀྱི་ཕན་པ་ཐོབ་བཞིན་ཡོད་པ་རེད། ལྷ་སས་ལྟེ་བ་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྤྱིའི་ཆ་ནས་གྲུབ་ཟིན་པ་དེ་དག་གིས། བློ་མཐུན་ཧུའུ་ཅིན་ཐའོ་ཡི་སྙན་སྒྲོན་ནང་བཏོན་པའི་བླང་བྱ་དང་དམིགས་ཚད་སྒྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད་ལ། སླད་ཕྱིན་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་བར་ཞིབ་ཕྲའི་ཕན་འབྲས་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་གོང་མཐོར་གཏོང་རྒྱུར་རྨང་གཞི་གཏིངས་ཡོད། རང་ལྗོངས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་གོམ་སྟབས་རྗེས་མར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱས་ཐོག སྨན་བཅོས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཞབས་ཞུའི་ནུས་པ་གོང་མཐོར་བཏང་ནས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་མང་ཚོགས་ལ་སྟབས་བདེ་དང་བདེ་འཇགས་། གོ་ཆོད། སྤུས་ལེགས་བཅས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་རེད། །