ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན་གཉིས་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-11-19

ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན་གཉིས་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། བློ་མཐུན་ཧུའུ་ཅིན་ཐའོ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གཉིས་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་སྐབས་བརྩེ་བའི་ངང་ཕན་ཚུན་ཕྱག་འཇུ་གནང་། ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན་གཉིས་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། བློ་མཐུན་ཧུའུ་ཅིན་ཐའོ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གཉིས་ཀྱིས་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་པའི་དམག་ཨུའི་མགོ་ཁྲིད་པ་གསར་རྙིང་དང་ལྷན་དུ་པར་བླངས།
 

བློ་མཐུན་ཧུའུ་ཅིན་ཐའོ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གཉིས་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས་པའི་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས། ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་བ་དང་། ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་། བློ་མཐུན་གོ་པའོ་ཞོང་དང་། ཞུའུ་ཚེ་ཧིག་བཅས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།

ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ། ཐེངས་འདིའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་དབྱང་གི་མགོ་ཁྲིད་ལས་ཁུངས་གསར་བ་བདམས་པ་དང་། སྐབས་གསར་བའི་ཀྲུང་དབྱང་དམག་ཨུའི་ཁོངས་མི་གསར་བ་གཏན་ལ་ཕབ་སྟེ། ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་ཨུའི་ཀྲུང་ཞིའི་རྙིང་ཚབ་གསར་མཐུད་བྱས་པ་དེ་ཏང་གི་ལས་དོན་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པར་ཕན་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལས་དོན་ཡུན་རིང་བོར་གོང་དུ་སྤེལ་བ་དང་། རྒྱལ་ཁབ་ཡུན་རིང་བརྟན་འཇགས་ཡོང་བར་ཕན་ཟེར།

ཧུའུ་ཅིན་ཐའོ་ཡིས་བསྟན་དོན། བློ་མཐུན་ཞི་ཅིན་ཕེན་ནི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཚད་ལྡན་ཞིག་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཚད་ལྡན་ཞིག་ཡིན་ལ། ཁོས་ལོ་ན་གཞོན་པའི་དུས་སུ་དམག་དཔུང་དུ་བྱ་བ་བསྒྲུབས་མྱོང་བ་དང་། ས་གནས་ཀྱི་མགོ་ཁྲིད་པའི་འགན་འཁུར་བའི་སྐབས་སུའང་འབྲེལ་ཡོད་ས་གནས་ཀྱི་དམག་དཔུང་བྱ་བ་བསྒྲུབས། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་རྗེས་ནས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པའི་འགན་འཁུར་ཏེ། ཐད་ཀར་དུ་དམག་ཨུའི་བྱ་བ་བསྒྲུབས་པས། ཏང་ཀྲུང་དབྱང་གིས་བློ་མཐུན་ཞི་ཅིན་ཕེན་དམག་ཨུའི་ཀྲུའུ་ཞི་ལ་བསྐོས་པ་ནི། ཧ་ཅང་འཚམ་པ་ཡིན། བློ་མཐུན་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞིའི་འགན་ལྗིད་མོ་ཁུར་དུ་བླངས་ཏེ། དམག་ཨུའི་ཚན་ཁག་ལ་མཐུན་སྒྲིལ་དང་དེའི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་དེ་ཅིས་ཀྱང་ལག་བསྟར་བཟང་པོ་བྱེད་ཐུབ་ངེས་ཡིན་ཟེར།

ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ལོ་འདི་འགའི་རིང་། འཛམ་གླིང་གི་གནས་བབ་ལེགས་སྒྲིག་ཟབ་མོ་བརྒྱུད་པ་དང་། རྒྱལ་སྤྱིའི་གནས་ཚུལ་རྙོག་འཛིང་ཡིན་པ། འཛམ་གླིང་གི་དམག་དོན་གསར་བ་བསྒྱུར་བཅོས་བྱེད་ཚད་ཇེ་མགྱོགས་ཡིན་པ་བཅས་ལས། རང་རྒྱལ་གྱི་བདེ་འཇགས་ཁོར་ཡུག་དེ་གནས་ཚུལ་གསར་བ་དང་གནད་དོན་གསར་བ། འགྲན་རྩོད་གསར་བ་མང་པོར་འཕྲད། དམག་དཔུང་གིས་དུས་རབས་གསར་བའི་དུས་སྐབས་གསར་བར་ཁུར་དུ་ལེན་པའི་ལོ་རྒྱུས་འགན་འཁྲི་སྔ་ལས་རྒྱ་བསྐྱེད་པ་དང་། དམག་དཔུང་འཛུགས་སྐྲུན་དང་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་འགན་སྔར་ལས་ལྗིད་ཅིང་དཀའ་ཚེགས་ཆེ། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ། ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། དམག་དཔུང་གི་འཛུགས་སྐྲུན་དང་བཅོས་སྒྱུར། དམག་དོན་འཐབ་རྩོད་བཅས་ཚན་རིག་དང་མཐུན་པར་འཆར་འགོད་དང་མཛུབ་སྟོན་བྱེད་པར་གྲ་སྒྲིག་བྱས་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་ལ་འགོ་འདྲེན་དང་མཛུབ་སྟོན་བྱས་ཏེ་འཕྲལ་སྒྲུབ་དང་ཉེན་ཁ་ཆེ་བའི་ལས་འགན་རབ་དང་རིམ་པ་ལེགས་འགྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོང་ལེགས་པོ་བྱས་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ངེས་པ་དོན་གྱིས་སྲུང་སྐྱོབ་བྱས་པས། ཏང་དང་མི་དམངས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ།

ཧུའུ་ཅིན་ཐའོ་ཡིས་ང་ཚོའི་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལས་དོན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལས་དོན་གྱི་མདུན་ལྗོངས་དེ་བས་ལྟ་ན་སྡུག་པ་དང་། རང་རྒྱལ་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལས་དོན་ལ་རེ་བ་ཆེན་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕེན་གྱི་འགོ་འདྲེན་འོག་ཏུ། སྐབས་གསར་བའི་དམག་ཨུའི་ཚན་ཁག་གིས་དམག་ཡོངས་ཀྱི་དཔོན་དམག་ལ་མཐུན་སྒྲིལ་དང་དེའི་སྣེ་ཁྲིད་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལས་དོན་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་ཏེ། གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ལེན་ཐུབ་པའི་སྨོན་འདུན་སྙིང་ནས་ཞུ་ཞེས་བསྟན།

ཧུའུ་ཅིན་ཐའོ་ཡིས་དམག་ཡོངས་ཀྱི་བློ་མཐུན་ལ་རེ་བ་ལྔ་བཏོན་པ་འདི་ལྟར། གཅིག་ནས་དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། མཐའ་གཅིག་ཏུ་བློ་གཏད་ཆོག་པ། གཉིས་ནས་དམག་དཔུང་གིས་དུས་རབས་གསར་བ་དང་དུས་སྐབས་གསར་བའི་ལོ་རྒྱུས་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོང་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་སྟོབས་ཤུགས་ཀྱི་རྒྱབ་རྟེན་དང་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས། གསུམ་ནས་དམག་དཔུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོ་ལག་བསྟར་བྱེད་པའི་ཐད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལེན་པ། བཞི་ནས་དམག་དཔུང་གིས་ཚད་མཐོན་པོའི་གཅིག་བསྡུས་གཅིག་གྱུར་དང་མཐུན་སྒྲིལ་བརྟན་འཇགས་བཅས་དུས་རྟག་ཏུ་སྲུང་འཛིན་བྱེད་པ། ལྔ་ནས་དམག་དཔུང་གིས་རང་རེའི་དམག་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་བཟང་ནམ་ཡང་རྒྱུན་འཁྱོངས་བྱེད་རྒྱུ་བཅས་རེད།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་གོང་དུ་སྤེལ་བའི་ཁྱོན་ཡོངས་བསམ་ནས། མ་སྐུལ་དང་བླངས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞིའི་འགན་མི་ཁུར་བའི་རེ་བ་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་འདུན་མོས་ལ་བརྩི་འཇོག་བྱས་ཏེ། ཁོང་གི་རེ་ཞུ་ལ་འཐད་པ་བྱུང་། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་ཇུས་ཆོད་འགངས་ཆེན་དེ་ལས། ཁོང་གིས་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་གོང་དུ་སྤེལ་བའི་ཁྱོན་ཡོངས་ལ་བསམ་གཞིགས་ཞིབ་ཏུ་བཏང་བ་གང་ལེགས་ཀྱིས་མཚོན་ཡོད་ལ། ཁོང་མར་ཁེ་སི་རང་ལུགས་ཀྱི་ཆབ་སྲིད་པ་དང་འཐབ་ཇུས་པ་ཞིག་ཡིན་པའི་མཐོང་རྒྱ་ཡངས་པོ་དང་། བློ་རྒྱ་ཆེན་པོ། སྤྱོད་ཚུལ་ལེགས་པོ་བཅས་གང་ལེགས་ཀྱིས་མཚོན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཏང་དང་རྒྱལ་ཁབ་ལ་ཁྱད་དུ་འཕགས་པའི་མཛད་རྗེས་བསྐྲུན་པར་གདེངས་འཇོག་མཐོན་པོ་བྱས་པ་དང་། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་ཁྲོད་དུ་ནུས་པ་གལ་ཆེན་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་ལ་དམ་པོར་བརྟེན་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། རང་རྒྱལ་འཕེལ་རྒྱས་ཀྱི་ཐབས་ཇུས་གོ་སྐབས་དམ་པོར་ཁོང་དུ་ཆུད་པར་བྱས་པ་དང་། འགྲན་རྩོད་དྲག་པོ་རབ་དང་རིམ་པ་ལས་རྣམ་པ་རྒྱལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སྐྱེལ་བར་འབད་བརྩོན་དང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དོན་དུ་མཆོག་ཏུ་གྱུར་བའི་བྱས་རྗེས་བཞག་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སེམས་གཏིང་ནས་གོང་བཀུར་ཐོབ། ཁོང་གིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ་ཚན་རིག་འཕེལ་རྒྱས་ལྟ་བ་གསར་སྐྲུན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ལྟ་བ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་མཉམ་གཅིག་ཏུ་ཏང་གིས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློར་གཏན་ལ་ཕབ།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དམག་ཨུའི་ཚན་ཁག་དང་དམག་དཔུང་གི་མཐོ་རིམ་ལས་བྱེད་པས་རྒྱལ་སྲུང་ལ་མགོ་ཁྲིད་དང་དམག་དཔུང་གི་འཛུགས་སྐྲུན་ཁྲོད་དུ་ལོ་རྒྱུས་ཀྱི་འགན་འཁྲི་ལྗིད་མོ་འཁུར་ཡོད་པས། ང་ཚོས་རིག་ལམ་གསལ་བོ་དེ་དུས་རྟག་ཏུ་སྲུང་འཛིན་དང་། རབས་རེ་རེའི་དཔོན་དམག་གིས་རྒྱུན་འཁྱོངས་ལྷོད་མེད་ལ་བརྟེན་ནས་བླངས་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ལྡབ་འགྱུར་གྱིས་གཅེས་འཛིན་དང་། ཡུན་རིང་བོའི་ལག་ལེན་ཁྲོད་བསགས་པའི་མཉམ་མྱོང་རྩ་ཆེན་ལ་ལྡབ་འགྱུར་གྱིས་གཅེས་འཛིན་བྱེད་པ། ད་ལྟའི་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་ལྡབ་འགྱུར་གྱིས་གཅེས་འཛིན་བྱས་ཏེ། བློ་སེམས་རྩེ་གཅིག་གིས་ཏང་དང་མི་དམངས་ལ་བྱ་བ་བསྒྲུབ་རྒྱུ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་རྒྱུན་ཆད་མེད་མདུན་ནས་མདུན་དུ་སྤེལ་བར་འབད་བརྩོན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བཀོད་དེ་དམ་འཛིན་དང་ལེགས་འཛིན་བྱེད་པ་དང་། རིམ་པ་ཁག་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་སྒྲིག་ལྟར། དམག་ཡོངས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མྱུར་དུ་སློང་བ། ཚན་རིག་གི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་ཟབ་མོ་དང་དེ་ལག་བསྟར་བྱེད་པ་དང་། ཏང་གི་གནས་བབ་གསར་བའི་འོག་ཏུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་བསམ་བློར་སློབ་སྦྱོང་བྱས་ཏེ། ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲོད་ཀྱི་མཛུབ་སྟོན་གོ་གནས་བརྟན་པོར་འཛུགས་པ་དང་། གནས་བབ་གསར་བའི་འོག་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་ཀྱི་ཁྱད་ཆོས་དང་ཆོས་ཉིད་དམ་པོར་ཁོང་དུ་ཆུད་པར་བྱེད་དགོས། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་སྣེ་ཁྲིད་དེ་གསར་དུ་བསྐྲུན་པའི་ཉམས་མྱོང་རྩ་ཆེན་ནན་ཏན་གྱིས་སྤྱི་སྡོམ་བྱེད་པ་དང་། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་གཏན་ལ་ཕབ་པའི་དམག་དཔུང་འཛུགས་སྐྲུན་གྱི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ། འཐབ་ཇུས་ཇུས་ཆོད་གལ་ཆེན་སྣ་ཚོགས་དོན་ཐོག་ཏུ་འཁྱོངལ་བར་བྱེད་དགོས།

ཞི་ཅིན་ཕེན་གྱིས་མཇུག་མཐར། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་སྟོབས་དང་ལྡན་པའི་མགོ་འདྲེན་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ། དམག་ཡོངས་གོང་འོག་གི་མཐུན་སྒྲིལ་འབད་འཐབ་བཅས་ལ་བརྟེན་ན། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་གྱི་རླབས་ཆེན་དམིགས་ཡུལ་དེ་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ཞེས་ནན་གྱིས་བསྟན།

  • ལེ་ཚན་སྔོན་མ།:«ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཟུར་ཁྲིད་ཀློག་དེབ»སོགས་པར་བསྐྲུན་འགྲེམས་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ལིག་ཡོན་ཧྲན་གྱིས་ཡེའོ་ནན་གྱིས་མགྲོན་པོར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།