ལིག་ཡོན་ཧྲན་གྱིས་ཡེའོ་ནན་གྱིས་མགྲོན་པོར་མཇལ་འཕྲད་གནང་བ།

ཕྱུག་ལོ།།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-11-19

ལིག་ཡོན་ཧྲན་གྱིས་ཡེའོ་ནན་གྱིས་མགྲོན་པོར་མཇལ་འཕྲད་གནང་བ།

ཟླ11པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཡོན་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཡེའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་འཐུས་ཚབ། ཡེའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་ཨུ་ཡོན། ཀྲུང་དབྱང་ཕྱི་འབྲེལ་འབྲེལ་འདྲིས་པུའུ་ཡི་པུའུ་ཀྲང་ཧོང་ཕེན་ཅོན་ལ་མཇལ་འཕྲད་གནང་།
 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཡོན་ཧྲན་གྱིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཡེའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་འཐུས་ཚབ། ཡེའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་ཨུ་ཡོན། ཀྲུང་དབྱང་ཕྱི་འབྲེལ་འབྲེལ་འདྲིས་པུའུ་ཡི་པུའུ་ཀྲང་ཧོང་ཕེན་ཅོན་ལ་མཇལ་འཕྲད་གནང་།

ལིག་ཡོན་ཧྲན་གྱིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་བསྒྲགས་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གྲོལ་མ་ཐག་པའི་སྐབས་འདིར། ཡེའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཀྲུང་གོར་འཐུས་ཚབ་མངགས་ཏེ། ང་ཚོའི་ཏང་གི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲད་པ་འདིས། ཡེའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཀྲུང་གོ་དང་ཡེའོ་ནན་གྱིས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན་པས། ཀྲུང་གུང་ཀྲུང་དབྱང་གིས་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

ལིག་ཡོན་ཧྲན་གྱིས་ཧོང་ཕེན་ཅོན་སོགས་ལ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་མཚམས་སྦྱོར་བྱས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པ་ཧ་ཅང་བཟང་བ་དང་ལེགས་འགྲུབ་ཆེན་པོ་བྱུང་། ཚོགས་ཆེན་གྱིས་དར་ཆ་མཐོན་པོར་བསྒྲེངས་པ་དང་། སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད། མཐུན་སྒྲིལ་ཡར་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་བཏབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མྱུར་དུ་སྤེལ་བའི་རླབས་ཆེན་དམིགས་འབེན་བཀོད་ལ། སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཟེར།

ལིག་ཡོན་ཧྲན་གྱིས་བསྟན་དོན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཡེའོ་ནན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོན་ཆེན་བྱེད་བཞིན་ཡོད་པ་དང་། ཡེའོ་ནན་གྱི་ཏང་དང་སྲིད་གཞུང་དང་མཉམ་དུ། ཡུན་རིང་བརྟན་འཇགས་དང་། མ་འོངས་པར་ཁ་ཕྱོགས་པ། ཁྱིམ་མཚེས་མཛའ་མཐུན། ཕྱོགས་ཡོངས་མཉམ་ལས་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡེའོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བདེ་བླག་དང་གཏིང་ཟབ་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

ཧོང་ཕེན་ཅོན་གྱིས་ཡེའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གོ་ཚབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་བསྡུས་ཏེ། སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་བདམས་པར་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་མགོ་ཁྲིད་བློ་མཐུན་གཞན་པ་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས།

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན་གཉིས་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང
  • ལེ་ཚན་རྗེས་མ།:པེ་ཅིང་དུ་བོད་རིགས་གླུ་བའི་དགོང་ཚོགས་ཚོགས་འཆར་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།