«ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཟུར་ཁྲིད་ཀློག་དེབ»སོགས་པར་བསྐྲུན་འགྲེམས་སྤེལ་བྱས་པ།

ཕྱུག་ལོ།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-11-19

རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་རོགས་རམ་བྱེད་ཆེད། ཀྲུང་དབྱང་འབྲེལ་ཡོད་ཕྱོགས་ཀྱིས་རྩ་འཛུགས་བྱས་ཏེ«ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཟུར་ཁྲིད་ཀློག་དེབ»དང་། «ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ་ཐམ་པ» «ཚོགས་ཆེན་བཅོ་བརྒྱད་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སློབ་སྦྱོང་དྲིས་ལན»སོགས་ཟུར་ཁྲིད་ཀློག་དེབ་རྩོམ་བསྒྲིགས་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་དང«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན»ལ་འགྲེལ་བཤད་ཆ་ཚང་བྱས་པ་དང་། དེ་དག་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཟུར་ཁྲིད་རྒྱུ་ཆ་གལ་ཆེན་རེད། ཉེ་སྔོན། «ཚོགས་ཆེན་བཅོ་བརྒྱད་པའི་ཟུར་ཁྲིད་ཀློག་དེབ»མི་དམངས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་འགྲེམས་སྤེལ་བྱས་པ་དང་། «ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ་ཐམ་པ»ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་། སློབ་སྦྱོང་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་འགྲེམས་སྤེལ་བྱས་ལ། «ཚོགས་ཆེན་བཅོ་བརྒྱད་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སློབ་སྦྱོང་དྲིས་ལན»ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་འགྲེམས་སྤེལ་བྱས།

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕིང་སོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཚོར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕེན་གཉིས་ཀྲུང་དབྱང་དམག་ཨུའི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང
  • དོ་སྣང་ཆེ་བའི་རྩོམ།