ཞིས་ཅིན་ཕིང་དང་ལི་ཁེ་ཆང་སོགས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ།

    མི་དམངས་དྲ་བ།    2012-11-15

མི་དམངས་དྲ་བའི་འཕྲིན།ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཞིས་ཅིན་ཕིང་དང་ལི་ཁེ་ཆང་རྣམ་གཉིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།
  ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཝང་ཆི་ཧྲན་དང་། ལིའུ་ཡུན་ཧྲན། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། ཝང་ཡང་། ཀྲང་གོ་ལི། ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་བཅས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།
ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་དང་ཞུའེ་ཆི་ལེའང་རྣམ་གཉིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།
  • ལེ་ཚན་སྔོན་མ།:རང་རྒྱལ་ཤར་བྱང་གི་ཞིང་ཆེན་གསུམ་དང་ནང་སོག་དབུས་ཤར་ས་ཁུལ་ལ་ཁངས་གནོད་ཐེབས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་གྲོལ་བ།
  • དོ་སྣང་ཆེ་བའི་རྩོམ།