ཉིང་ཁྲི་ས་ཁུལ་གྱི་སྡོང་ཕུང་འདེབས་འཛུགས་ལ་ཕན་འབྲས་བཟང་པོ་ཐོན་པ

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2012-11-15

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་། ཉིང་ཁྲི་ས་ཁུལ་གྱི་ཚན་རྩལ་ལས་དོན་མི་སྣའི་དཔེ་སྟོན་སྣེ་འཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྡོང་ཕུང་འདེབས་འཛུགས་བྱེད་མཁན་དཔེ་སྟོན་གྲོང་ཚོ་དང་སྣེ་འཁྲིད་དུད་ཚང་ཁག་གཅིག་སྐྱེད་བསྲིང་བྱས་པ་དང་། སྤེལ་རེས་ཚོགས་འདུ་དང་ས་ཆ་རང་ངོས་སུ་ལྟ་སྐོར་སོགས་ཀྱི་བྱ་ཐབས་བཟུང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་བསམ་ཕྱོགས་རྒྱ་ཆེར་བཏང་ཡོད་པ་རེད། གཞན་ཡང་། སྡོང་ཕུང་འདེབས་འཛུགས་མཁས་ཅན་དང་ཚན་རྩལ་མངགས་གཏོང་མི་སྣ40ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་དང་། ལོ་ལྟར་སྡོང་ཕུང་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་སྟོན་བྱེད་སྒོ་གཉེར་ན། ཞིང་འབྲོག་མང་ཚོགས་མི་ཐེངས1500ལྷག་ཙམ་ལ་སྦྱོང་བརྡར་ནང་ཞུགས་ཐུབ་པ་བྱུང་ཡོད་པ་རེད།   །
  • ལེ་ཚན་སྔོན་མ།:《བོད་རྒྱུད་གསོ་རིག་ཆེད་དཔེ་ཕྱོགས་བསྒྲིགས》ཀྱི་སྒྲིག་སྒྱུར་བྱ་བ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས།
  • ལེ་ཚན་རྗེས་མ།:རང་རྒྱལ་ཤར་བྱང་གི་ཞིང་ཆེན་གསུམ་དང་ནང་སོག་དབུས་ཤར་ས་ཁུལ་ལ་ཁངས་གནོད་ཐེབས་པ།
  • དོ་སྣང་ཆེ་བའི་རྩོམ།