《བོད་རྒྱུད་གསོ་རིག་ཆེད་དཔེ་ཕྱོགས་བསྒྲིགས》ཀྱི་སྒྲིག་སྒྱུར་བྱ་བ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-11-15

《བོད་རྒྱུད་གསོ་རིག་ཆེད་དཔེ་ཕྱོགས་བསྒྲིགས》ཀྱི་སྒྲིག་སྒྱུར་བྱ་བ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས།
《བོད་རྒྱུད་གསོ་རིག་ཆེད་དཔེ་ཕྱོགས་བསྒྲིགས》ཀྱི་སྒྲིག་སྒྱུར་
བྱ་བ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས།

         ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་སྒོས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མོའི་ཅི་ཙོས་གཙོ་འགན་བླངས་ཏེ་ལེགས་འགྲུབ་བྱུང་བའི་ལས་གཞི་སྟེ《བོད་རྒྱུད་གསོ་རིག་ཆེད་དཔེ་ཕྱོགས་བསྒྲིགས》ཀྱི་སྒྲིག་སྒྱུར་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་གནང་ཞིང་། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་སྙན་ཞུ་ལ་གསན་པ་དང་ཡིག་ཆ་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་ཐེ་ཚོམ་དྲི་གཞིའི་སྐོར་ནས་བགྲོ་གླེང་མཛད་པ་དང་། གཅིག་མཐུན་གྱིས་སྒྲིག་སྒྱུར་འདིའི་སྤྱིའི་ཞིབ་འཇུག་ཚད་གཞི་ཉིད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པར་བཤད།
         ལས་གཞི་འདི་གཙོ་ཆེར《དཔལ་ལྡན་རྒྱུད་བཞི》དང་། 《སྨན་དཔྱད་ཟླ་བའི་རྒྱལ་པོ》། 《བེེཌྰུརྱ་སྔོན་པོ》། 《ཤེལ་གོང་ཤེལ་ཕྲེང》བཅས་བོད་རྒྱུད་གསོ་རིག་ཆེད་དཔེ་བཞི་ཐོག་མའི་སྒྲིག་སྒྱུར་དང་།  བསྐྱར་སྒྱུར། དག་བཅོས་སོགས་བྱས་པར་བརྒྱུད།  《བོད་རྒྱུད་གསོ་རིག་ཆེད་དཔེ་ཕྱོགས་བསྒྲིགས》ཞེས་པའི་རྒྱ་ཡིག་པར་གཞི་པར་བསྐྲུན་འགྲེམ་སྤེལ་གནང་།

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་སོ་སོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཕུལ་བའི་སྙན་ཞུ་ནན་ཏན་སྒོས་སློབ་སྦྱོང་བ
  • ལེ་ཚན་རྗེས་མ།:ཉིང་ཁྲི་ས་ཁུལ་གྱི་སྡོང་ཕུང་འདེབས་འཛུགས་ལ་ཕན་འབྲས་བཟང་པོ་ཐོན་པ
  • དོ་སྣང་ཆེ་བའི་རྩོམ།