ཟླ་བ་ཚེ་རིང་། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-11-15
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས11ཉིན་ཚོགས་ཆེན་བཅོ་བརྒྱད་པའི་གསར་འགྱུར་ལྟེ་གནས་ཀྱིས་གཅིག་བསྡུས་སུ་བཅར་འདྲི་བྱེད་པ་སྐོང་འཚོགས་བྱས་ཏེ། ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་འཛིན་ཀྲོའུ་ཞའོ་ཁྲོན་དང་། ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲང་ཕུའུ་ལིན། བཟོ་ཚོང་དངུལ་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཅང་ཅན་ཆིང་། ཞིང་ལས་དངུལ་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཅང་ཁྲའོ་ལེའང་། ཀྲུང་གོའི་དངུལ་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཞའོ་ཀང་། འཛུགས་སྐྲུན་དངུལ་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཝང་ཧུང་ཀྲང་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད། འདི་ག་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་སྐབས་ཀྲོའུ་ཞའོ་ཁྲོན་གྱིས་སྐྱེད་ཀ་ཁྲོམ་ར་ཅན་དུ་བསྒྱུར་བཅོས་བྱེད་རྒྱུ་དེ་ནི་བརྒྱུད་རིམ་ཞིག་རེད་ཅེས་གསུང་པ་རེད། ད་ལོ་ནས་བཟུང་དངུལ་ཁང་ལས་རིགས་ཀྱི་དུས་བཀག་ལྟར་བསྡུ་མི་ཐུབ་པའི་དངུལ་བུན་ལྷག་འཕྲོའི་གྲངས་འབོར་མང་དུ་འགྲོ་བའི་སྣང་ཚུལ་དམིགས་ཏེ། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲང་ཕུའུ་ལིན་གྱིས། སྤྱི་ཡོངས་ཀྱི་ཉེན་ཁར་ཚོད་འཛིན་བྱེད་ཐུབ་ཅེས་གསུང་པ་རེད། བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོའི་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་བཅས་དངུལ་ཁང་ཆེན་པོ་བཞིའི་སྤྱི་ཁྱབ་ལས་འཛིན་པས་ད་དུང་དངུལ་ཁང་ལས་རིགས་ཀྱིས་རང་ངོས་རྒྱལ་སྤྱི་ཅན་དུ་ཇེ་མགྱོགས་སུ་འགྱུར་བ་བྱེད་པ་དང་དུས་མཚུངས་སུ་ཁེ་ལས་ཕྱིར་བསྐྱོད་རྒྱུར་རོགས་རམ་བྱེད་བཞིན་ཡོད། དངུལ་ཁང་མང་པོ་ཞིག་གིས་ཞིང་གསུམ་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་བཞིན་པ་དང་། དངུལ་ཁང་ལས་རིགས་ཀྱིས་ས་ཁང་བདག་དབང་ལ་དངུལ་བུན་གཏོང་བའི་ཉེན་ཁ་སྔར་བཞིན་ཅུང་ཆུ་ཚད་དམའ་བའི་ཐོག་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་གསུང་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10